མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨ་ཀིན་ཐིན་དམངས་གྲོང་ཁང་གི་གྲོས་དཔོན་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 11:07

01.jpg

    ཟླ་བཞི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཀིན་ཐིན་དམངས་གྲོས་ཁང་གི་གྲོས་དཔོན་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཀིན་ཐིན་དམངས་གྲོས་ཁང་གི་གྲོས་དཔོན་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་། མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་ཨ་ཀིན་ཐིན་ནི་ཀྲུང་གོའི་མེ་གླིང་ལྷོ་མའི་མཉམ་ལས་གྲོགས་པོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ་གཙིགས་ཆེན་དུ་འཛིན་པ་དང་། ཨ་ཀིན་ཐིན་བར་གྱི་འགྲོ་འོངས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉི་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འཐབ་ཇུས་གྲོགས་པའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ནམ་རྒྱུན་དུ་ཨ་ཀིན་ཐིག་གྲོས་ཁང་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པར་གཙིགས་འཛིན་བྱེད་ཀྱིན་ཡོད་ལ། ཁྲིམས་འཛུགས་དང་རྒྱལ་བཅོས་སྲིད་སྐྱོང་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་སྔ་ལས་ཤུགས་བསྣན་ནས། ཕྱོགས་གཉི་ཀས་སེམས་ཁུར་བྱེད་པའི་གྲོས་གཞི་ལ་གྲོས་བསྡུར་ཟབ་མོ་བྱེད་པ་དང་། ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དངོས་གཉེར་མཉམ་ལས་བྱེད་པ། མི་དམངས་བར་གྱི་མཛའ་བརྩེ་ཟེ་ཟབ་ཏུ་གཏོང་བར་ཁྱད་དུ་འཕགས་པའི་ནུས་བ་འདོད་སྤེལ་བྱེད་འདོད་ཡོད་ཅེས་གསུངས།

    ཏོ་མེན་ཀི་སི་ཡིས་ཀྱང་ཨ་ཀིན་ཐིན་དང་ཀྲུང་གོའི་འབྲེལ་བ་གོང་དུ་སྤེལ་ནི་ཨ་ཀིན་ཐིན་གྲོས་ཁང་གི་ཏང་ཁག་སོ་སོའི་ཐུན་མོང་གི་ལྟ་བ་ཡིན་པས། ཨ་ཀིན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་རྒྱུ་དང་། ཀྲུང་གོའི་རྒྱལ་དམངས་འཐུས་ཚོགས་ཆེན་བར་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉི་ཀའི་འབྲེལ་བ་གོང་དུ་སྤེལ་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག