མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 11:07

333.jpg

    ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།

444.jpg

    ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོ་མེན་ཀི་སི་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཀིན་ཐིན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་རྗེས། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འབྲེལ་བ་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་ཞིང་ལས། དངུལ་ལོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཟེར། ཡུས་ཀྲིན་ཧྲིན་གྱིས་ད་དུང་ཏོ་མེན་ཀི་སི་ལ་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨ་ཀིན་ཐིན་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་པའི་ཚུལ་བསྟན།

    ཏོ་མེན་ཀི་སི་ཡིས་བཤད་རྒྱུར། ཨ་ཀིན་ཐིན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཨ་ཀིན་ཐིན་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག