མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 10:32

000.jpg

    ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ལ་ཕེབས་ཏེ། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

111.jpg

    ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ལ་ཕེབས་ཏེ། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕེན་གྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་ཕྱག་འཇུ་གནང་བའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ལ་ཕེབས་ཏེ། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་བླ་མེད་གུས་འདུད་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་བཟོ་བ་དང་ཞིང་བ། ཤེས་ཡོན་ཅན། དེ་མིན་ངལ་རྩོལ་པ་གཞན་དག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས།

    བཞུགས་མོལ་ཚོགས་འདུའི་སྟེང་ཏ་ཆིན་སྣུམ་ཞིང1205ཁྲོན་བརྐོ་རུ་ཁག་གི་རུ་གཙོ་ཧུའུ་ཀྲི་ཆང་དང་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་བཟོ་ཚོགས་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཧུའུ་ནན་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཡོན་ལུང་ཕེན་སོགས་ངལ་རྩོལ་དཔེ་ལེགས་ཅན་གྱིས་རང་རང་གི་གནས་ཚུལ་དང་འབྲེལ་ནས་གཏམ་བཤད། ཞི་ཅིན་ཕེན་གྱིས་ངལ་རྩོལ་དཔེ་ལེགས་ཅན་གྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། བཟོ་བ་གྲལ་རིམ་ནི་རང་རྒྱལ་གྱི་མགོ་ཁྲིད་གྲལ་རིམ་ཡིན་པ་དང་། རང་རྒྱལ་གྱི་སྔོན་ཐོན་ཐོན་སྐྱེད་ནུས་པ་དང་ཐོན་སྐྱེད་འབྲེལ་བའི་འཐུས་ཚབ་ཡིན་ལ། ང་ཚོ་ཏང་གི་ཆེས་བརྟན་ཞིང་ཆེས་ཡིད་རྟོན་རུང་བའི་གྲལ་རིམ་རྨང་གཞི་ཡིན་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཙོ་ཤུགས་དམག་དཔུང་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་བཟོ་བ་གྲལ་རིམ་ལ་བརྟེན་དགོས་པ་དང་བཟོ་བ་གྲལ་རིམ་གྱི་མགོ་ཁྲིད་གྲལ་རིམ་གོ་གནས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། བཟོ་བ་གྲལ་རིམ་གྱི་གཙོ་ཤུགས་དམག་དཔུང་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཟོ་ཚོགས་བྱ་བས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཞིང་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་མཐུན་ཐབས་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ། ལས་བཟོ་བ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་དེ་བཟོ་ཚོགས་བྱ་བའི་མགོ་ཚུགས་ས་བྱས་ནས། བློ་སེམས་བརྩེ་གཅིག་སྒོས་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ཚོགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བཟོ་ཚོགས་ཀྱིས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཇུས་གཞི་འདོན་པ་དང་དོན་དངོས་སྒྲུབ་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་ལས་བྱེད་པ་དང་མང་ཚོགས་ཀྱིས་བཏོན་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེ་ཆུད་ཟོས་སུ་གཏོང་བའི་སྤྱོད་ཚུལ་བཅས་ལ་ངོ་རྒོལ་བྱེད་དགོས་པར་མ་ཟད། རྒྱ་ཆེའི་མང་ཚོགས་ལ་ རང་དཔེ་གཞན་སྟོན་བྱས་ནས་བྱ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིས་ཅན་གོ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག