མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་བྱ་ནད་འགོག་བཅོས་དང་ཚོད་འཛིན་བྱ་བར་རྟོག་ཞིབ་མཛད་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 10:32

01.jpg

    ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲུང་གོ་རིམས་འགོག་ཚོད་འཛིན་ལྟེ་གནས་ལ་ཕེབས་ཏེ། སྨན་བཅོས་མི་སྣར་ཁམས་འདྲི་དང་འབྲེལ་ཡོད་སྡེ་ཁག་གི་ཆེད་ལས་མཁས་པ་དང་བཞུགས་མོལ་བྱས་པ་དང་། བྱ་ནད་མི་ལ་འགོས་པའི་རིམས་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་། ཚང་མར་ངལ་རྩོལ་དུས་ཆེན་གྱི་འཚམས་འདྲི་ཞུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གོང་གི་བྱ་འགུལ་ལ་ཞུགས། འདི་ནི་ཀྲུང་གོ་རིམས་འགོག་ཚོད་འཛིན་ལྟེ་གནས་ནད་དུག་ཁང་རྒྱལ་ཁབ་ཆམ་རིམས་ལྟེ་གནས་ཚོད་ལྟ་ཁང་དུ་ལིས་ཁི་ཆང་གིས་ལས་བྱེད་མི་སྣར་ནད་དུག་ཞིབ་བཤེར་ཚད་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་མཛད་པའི་ཚུལ་རེད།

02.jpg

    འདི་ནི་ཀྲུང་གོ་རིམས་འགོག་ཚོད་འཛིན་ལྟེ་གནས་ནད་རྟགས་དཔྱད་མོལ་ཁང་དུ། ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་སོགས་སྡེ་ཁག་དང་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུ་བའི་ཚུལ་རེད།

03.jpg

    འདི་ནི་ནད་རྟགས་དཔྱད་མོལ་ཁང་དུ། ལིས་ཁི་ཆང་གིས་བརྙན་འཕྲིན་སྐུད་ལམ་བརྒྱུད་དེ་ཀྲེ་ཅང་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་དང་། སི་ཁྲོན་ལུའུ་ཧྲན་རྫོང་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགན་འཁུར་པར་བྱ་ནད་འགོག་བཅོས་དང་ས་འགུལ་གནོད་ཐེབས་ས་ཁུལ་གྱི་རིམས་འགོག་གནས་ཚུལ་རྒྱུས་ལོན་མཛད་པའི་ཚུལ་རེད།འདི་ནི་ལིས་ཁི་ཆང་གིས་རིམས་འགོག་ཚོད་འཛིན་ལྟེ་གནས་སུ་རྒུད་སྐྱོབ་རིམས་འགོག་རུ་ཁག་གི་རུ་མི་ལ་ཕྱག་འཇུ་གནང་བའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་དྲ་འི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཞི་ཚེས་ཉེར་བརྒྱད་ཉིན་ཀྲུང་གོ་རིམས་འགོག་ཚོད་འཛིན་ལྟེ་གནས་ལ་ཕེབས་ཏེ། སྨན་བཅོས་མི་སྣར་ཁམས་འདྲི་དང་འབྲེལ་ཡོད་སྡེ་ཁག་གི་ཆེད་ལས་མཁས་པ་དང་བཞུགས་མོལ་བྱས་པ་དང་། བྱ་ནད་མི་ལ་འགོ་པའི་རིམས་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་། ཚང་མར་ངལ་རྩོལ་དུས་ཆེན་གྱི་འཚམས་འདྲི་ཞུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གོང་གི་བྱ་འགུལ་ལ་ཞུགས།

    ལིས་ཁི་ཆང་གིས་མི་ལ་འགོ་པའི་བྱ་ནད་འགོག་བཅོས་བྱེད་ཐབས་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ཧ་ཅང་ཐུགས་ཁུར་གནང་། ཁོང་རྒྱལ་ཁབ་ཆམ་རིམས་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ཕེབས་ཏེ། ནད་དུག་ཞིབ་བཤེར་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ནད་རྟགས་དཔྱད་མོལ་ཁང་དུ། ཁོང་གིས་བརྙན་འཕྲིན་སྐུད་ལམ་བརྒྱུད་དེ་ཀྲེ་ཅང་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་དང་། སི་ཁྲོན་ལུའུ་ཧྲན་རྫོང་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགན་འཁུར་པར་བྱ་ནད་འགོག་བཅོས་དང་ས་འགུལ་གནོད་ཐེབས་ས་ཁུལ་གྱི་རིམས་འགོག་གནས་ཚུལ་ལ་རྒྱུས་ལོན་མཛད།

    དེའི་རྗེས་སུ། ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་། ཞིང་ལས་པུའུ་སོགས་སྡེ་ཁག་དང་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

    འབྲེལ་ཡོད་ཆེད་ལས་མཁས་པའི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་རང་རྒྱལ་གྱི་འཕེལ་རྒྱས་དང་བཅོས་སྒྱུར་དེ་ད་ལྟ་གནད་འགག་ཆེ་བའི་དུས་སུ་གནས་ཡོད་པས། མུ་མཐུད་དུ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གཙིགས་ཆེན་དུ་འཛིན་པ་དང་། ལྷོད་གཡེང་དུ་སྤུ་ཙམ་ཡང་མི་གཏོང་བ། ཚན་རིག་དང་གོ་རིམ་ཡོད་པའི་སྒོ་ནས་སྤྱི་པའི་འཕྲོད་སྟེན་སོགས་གློ་བུར་དུ་འབྱུང་བའི་དོན་རྐྱེན་ལ་ཁ་གཏལ་འཇལ་པའི་དུས་མཚུངས་སུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱ་བ་གཙོ་བོ་སྣ་ཚོགས་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན།

    ལིས་ཁི་ཆང་གིས་མཇུག་མཐར་རྒྱལ་ཡོངས་ལས་རིགས་ཁག་གི་ངལ་རྩལ་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་བླ་མེད་གུས་སེམས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག