མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་སྐུལ་བསྒྲགས་ཏེ་ལོ་རེ་ལྔ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 10:32

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག་འབོད་སྐུལ”བསྒྲགས་ཏེ་ལོ་རེ་ལྔ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

    ཡུས་ཀྲིན་ཧྲིན་གྱིས་གསུང་དོན། 1948ལོའི་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་རྗེས་དྲན་ཞུ་བའི་འབོད་སྐུལ་བསྒྲགས་ཏེ། དམངས་གཙོ་ཏང་ཁག་སོ་སོ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་དམངས་གཙོ་མི་སྣས་སྤྲོ་སེམས་འཕེལ་བའི་ངང་ནས་འབོད་སྐུལ་དེ་དང་དུ་བླངས། དེ་ལས་དམངས་གཙོ་ཏང་ཁག་སོ་སོ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་དམངས་གཙོ་མི་སྣས་མངོན་གསལ་དང་རང་རྟོག་གིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་འདྲེན་པ་གདམ་གསེས་བྱས་ཏེ། རང་རྒྱལ་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་དང་སྲིད་ཏང་ལམ་ལུགས་འཛུགས་པའི་མགོ་གསར་དུ་ཚུགས་པ་མཚོན་ཡོད།

    ཡུས་ཀྲིན་ཧྲིན་གྱིས་དམངས་གཙོ་ཏང་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་དང་། སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་ཕྱོགས་ཡོངས་ཇེ་མཐོར་གཏོང་བ་དང་། དམངས་གཙོའི་ལྟ་རྟོག་ནུས་པ་འདོན་ཅི་ཐུབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་ཐུགས་རེ་བཏོན།

    དམངས་གཙོ་ཏང་ཁག་སོ་སོའི་འཐུས་ཚབ་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག