མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་གསུམ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐོར་དང་པོའི་མཐར་ཕྱིན་མཛད་སྒོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:59

124642470_61n.jpg

  སྤྱི་ཟླ4བའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2013ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐོར་དང་པོའི་མཐར་ཕྱིན་མཛད་སྒོ་བསྡུས་པ་དང་། ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་སྤྱི་ཟླ4བའི་ཚེས27ཉིན2013ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐོར་དང་པོའི་མཐར་ཕྱིན་མཛད་སྒོ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

  སློབ་མ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་སློབ་སྦྱོང་བརྒྱུད་དེ་བསམ་བློའི་རིགས་གཞུང་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་། མཐོང་རྒྱ་ཇེ་ཡངས་སུ་བཏང་ཞིང་ཤེས་བྱའི་སྒྲིག་གཞི་འཐུས་ཚང་དུ་བཏང་ལ། མགོ་ཁྲིད་ཀྱི་བྱང་ཚད་དང་ནུས་པ་ཇེ་ཆེར་བཏང་བ་དང་། གནད་དོན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་སློབ་སྦྱོང་གི་ནུས་པ་དང་ཞིབ་འཇུག་གི་ནུས་པ་ཇེ་ཆེར་བཏང་བར་མ་ཟད་སློབ་སྲོལ་བཟང་བོ་སྐྱེད་སྲིང་བྱས་པ་དང་ཏང་གཤིས་བཟང་བོ་ཆགས་ཟེར།

  ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ལིས་ཅིན་ཐེན་གྱིས་མཐར་ཕྱིན་མཛད་སྒོའི་སྟེང་གཏམ་བཤད་པ་དང་། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་འགན་འཁུར་བ་སོགས་མཐར་ཕྱིན་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག