ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས26ཉིན་ཞིང་ལས་པུའི་འཆར་འགོད་དང་ཇུས་འགོད་ཞིབ་འཇུག་ཁང་གི་ཞིང་ལས་བཟོ་སྐྲུན་ཚད་གཞི་གཏན་ཁེལ་ཞིབ་འཇུག་ཁང་དང་ཀྲུང་གོའི་བཟོ་སྐྲུན་འཛུགས་སྐྲུན་ཚད་ལྡན་ཅན་གྱི་མཐུན་ཚོགས་ཞིང་ལས་ལས་གྲྭའི་ཡན་ལག་ཚོགས་པ། ཀྲུང་གོའི་ཞིང་ལས་ལས་གྲྭའི་སློབ་ཚོགས་ཞིང་ལས་བཟོ་སྐྲུན་ཚད་ལྡན་ཅན་གྱི་ཆེད་ལས་ཨུ་ཡོན་ལྷན་ཁང་བཅས་པེ་ཅིན་དུ་བཙུགས་པ་དང་། དེའི་ཐོག་ནས་རང་རྒྱལ་གྱི་ཞིང་ལས་གྲྭ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་རྒྱུ་ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་དེང་རབས་ཞིང་ལས་འཛུགས་སྐྲུན་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བ་དང་བསྟུན་ནས། ཞིང་ལས་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྗིད་པོ་ཡོད་པ་དང་། ཞིང་ལས་བཟོ་སྐྲུན་འཛུགས་སྐྲུན་བྱ་སྤྱོད་ཀྱི་ཚད་ལྡན་ཞིབ་འཇུག་གཏན་འབེབས་དང་བཟོ་བཅོས། ཞིང་ལས་ལས་གྲྭ་ཚད་ལྡན་ཅན་གྱི་དྲིལ་བསྒྲགས་དང་དོན་འཁྱོལ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ཚད་ལྡན་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཚ་དགོས་གཏུགས་ཞིག་རེད། དེར་བརྟེན། ཞིང་ལས་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། ཀྲུང་གོའི་ལས་གྲྭ་འཛུགས་སྐྲུན་ཚད་ལྡན་ཅན་མཐུན་ཚོགས། ཀྲུང་གོའི་ཞིང་ལས་ལས་གྲྭ་སློབ་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག ཞིང་ལས་པུའི་འཆར་འགོད་དང་ཇུས་འགོད་ཞིབ་འཇུག་ཁང་གིས་གོང་གསལ་ཚན་པ་དེ་དག་བཙུགས་པ་རེད། །