མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ལིན་ཅན་ཡོ་ཚོགས་གཙོ་ཡིན་པའི་ཞང་ཀང་དཔལ་འབྱོར་དམངས་འཚོ་་མནའ་འབྲེལ་གྱི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ4བའི་ཚེས27ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལིན་ཅན་ཡོ་ཚོགས་གཙོ་ཡིན་པའི་ཞང་ཀང་དཔལ་འབྱོར་དམངས་འཚོ་མནའ་འབྲེལ་གྱི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་བླངས་པས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་ནི་ཧ་ཅང་ཡང་དག་པ་ཞིག་ཡིན། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ནུས་ཤུགས་གང་ཡོད་འདོན་ངེས་ཡིན་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དེང་སྐབས་ཞང་ཀང་གི་ལས་འགན་གཙོ་བོ་ཡིན་པས། ཞང་ཀང་གིས་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་དགོས་ལ། ཁྱད་སྟོབས་གསར་བ་གསར་སྐྲུན་བྱས་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག