མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་མཐོ་རིམ་འཐུས་ཚབ་པ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ4བའི་ཚེས27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་མཐོ་རིམ་འཐུས་ཚབ་པ། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་ཁུར་བའི་ཨ་ཧྲི་ཏུང་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གཉིས་ད་ལྟ་རང་སྟེང་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གི་དུས་སུ་གནས་ཡོད་པས། ཕྱོགས་གཉི་ཀས་ཀྲུང་གོའི་མཁར་གྲོང་ཅན་དུ་སྒྱུར་བ་དང་ཡོ་རོབ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་མཐུན་རྐྱེན་གཙོ་བོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡར་སྐུལ་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། མཉམ་ལས་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཟེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་མི་དམངས་ལ་ཕན་བདེ་སྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་དར་རྒྱས་འབྱུང་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཅེས་གསུངས།

ཨ་ཧྲི་ཏུང་གིས་ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱིས་དཀའ་ཁག་སེལ་ནས་དཔལ་འབྱོར་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སྟོབས་དང་ལྡན་པའི་གྲོགས་པོ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ་དེ་ཕྱོགས་གཉི་ཀའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཕན་པ་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག