མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ3པར་རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས5%ལྷག་འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་རྒྱལ་ཡོངས་སུ་སྤྱི་ཟླ3པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཟླ3པའི་རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར4648.6མངོན་འགྱུར་བྱུང་ནས། ན་ནིང་གི་དུས་མཚུངས་ལས5.3%འཕར་ཡོད། ཡིན་ནའང་འཕར་ཚད་དེ་གོང་གི་ཟླ་བ2ལས་བརྒྱ་ཆའི་ཆ11.9ཆག་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་འབྲེལ་ཡོད་མི་སྣས། སྤྱི་ཟླ3པར་རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ཀྱི་འཕར་ཚད་སྤྱི་ཟླ1པོ་དང་སྤྱི་ཟླ2པའི་བར་བརྒྱ་ཆའི་ཆ11.9ཆག་ཡོད། གཙོ་བོ་ནི་གློག་ཤུགས་དང་ཚ་ཤུགས་ཐོན་སྐྱེད་དང་མཁོ་འདོན་ལས་རིགས། རྡོ་སྣུམ་ལས་སྣོན། རྡུལ་རྙིང་འབར་རྒྱུའི་ལས་སྣོན་ལས་རིགས། རླངས་འཁོར་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཁག་གིས་ཤུགས་རྐྱེན་ཐེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག