མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སི་ཁྲོན་ནས་ནུས་ཤུགས་ཡོད་རྒུས་མ་དངུལ་དང་དངོས་རྫས་གཤམ་སྤྲོད་བྱས་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་འགན་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-27 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཧྲན་ལ་ས་ཡོམ་བརྒྱབ་རྗེས། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུད་མ་དངུལ་གཤམ་སྤྲོད་བྱས་པ་དང་ཛ་དྲག་ངང་གུར་དང་མལ་ཆས། ཟས་རིགས། སྨན་བཅོས་འཕྲུལ་ཆས། ལས་བཟོའི་འཕྲུལ་ཆས་སོགས་ཀྱི་གནོད་སེལ་དངོས་རྫས་རྣམས་གནོད་འཚེ་ཁུལ་དུ་སྐྱེལ་ནས། གནོད་འཚེ་ཁུལ་དང་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དངོས་རྫས་དགོས་མཁོ་འགན་ལེན་བྱས་པ་དང་། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་གནས་སྐབས་ཀྱི་འཚོ་བའི་བཀོད་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ནས། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཟས་བཟའ་རྒྱུ་ཡོད་པ་དང་གོས་གྱོན་རྒྱུ་ཡོད་པ། བདེ་འཇགས་ལྡན་པའི་སྡོད་ས་ཡོད་པ། འཐུང་ཆུ་གཙང་མ་འཐུང་རྒྱུ་ཡོད་པ། སྨན་བཅོས་འགན་སྲུང་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད།

མིག་སྔའི་བར་སླེབས་དུས། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱིས་ཛ་དྲག་ངང་སྒོར་དུང་ཕྱུར15.1གཤམ་སྤྲོད་བྱས་པ་དང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་སྒོར་དུང་ཕྱུར10དང་སི་ཁྲོན་ཞིང་ཆེན་ནོར་སྲིད་སྒོར་དུང་ཕྱུར5.1ཡོད་པ་རེད། ཞིང་ཆེན་ནོར་སྲིད་ནས་སྤྱི་ཟླ4པའི་ཚེས23ཉིན་གཡག་རྔ་གྲོང་ཁྱེར་དུ་གནོད་སེལ་ཕྱོགས་བསྡུས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར12བཏང་ནས་གཙོ་བོ་འཕྲལ་དུ་ཉེན་སྐྱོབ་གཏོང་འགོ་དང་དམངས་སྲིད་སྐྱོབ་གསོའི་གཏོང་འགོའི་ཐད་སྤྱོད་རྒྱུ་རེད། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཉིན་ལྟར་མི་རེར་སྒོར10ཡི་གནས་སྐབས་ཀྱི་འཚོ་བའི་རོགས་དངུལ་དང་ཉིན་རེར་མི་རེར་ཟ་འབྲུ་བརྒྱ་མ1གཤམ་སྤྲོད་བྱས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག