ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས25ཉིན་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པར། ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་ངམ་དུས་ཆེན་གྱི་སྔ་རྗེས་སུ། མཛེས་ལྗོངས་ཁུལ1200ལྷག་གི་སྤ་སེའི་རིན་གོང་བཅག་པ་དང་། ཆ་སྙོམས་ཀྱི་བཅག་ཚད20%ཙམ་ཟིན་ཡོད་པ་རེད། ལྔ་གཅིག་དུས་ཆེན་རིང་ངམ་དུས་ཆེན་གྱི་སྔ་རྗེས་སུ་གོང་ཚད་བཅག་པའི་མཛེས་ལྗོངས་ཁུལ1200ནང་ཀ་པ་རིམ་པ5ཡི་མཛེས་ལྗོངས་ཁུལ60ཡོད་པ་དང་ཀ་པ་རིམ་པ4ཡི་མཛེས་ལྗོངས་ཁུལ350། ཀ་པ་རིམ་པ3པ་དང་མན་ཆད་ཀྱི་མཛེས་ལྗོངས་ཁུལ800བཅས་ཚུད་ཡོད་པ་རེད། །