མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྫས་འགྱུར་མཚོན་ཆ་བེད་སྤྱོད་གཏོང་རྒྱུར་ངོ་རྒོལ་མཐའ་གཅིག་བྱ་རྒྱུ་ཡིན་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-27 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཟླ4བའི་ཚེས26ཉིན་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རྫས་འགྱུར་མཚོན་ཆ་བེད་སྤྱོད་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གང་ཞིག་ལའང་དྲག་ཤུགས་ཐེ་ཇུས་བྱ་རྒྱུར་ཡིད་མཐུན་བྱེད་ཀྱི་མེད་ཅེས་བསྟན་ཡོད་པ་རེད།

ཉིན་དེ་གའི་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས། སྤྱི་ཚེས་༢༥ཉིན་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧ་གར་གྱིས་ཨ་རིའི་གསང་འཕྲིན་ཚན་པས་ཡིད་ཆེས་བྱེད་ཚད་ངེས་ཅན་གྱི་ཞིག་གི་ཐོག་ནས་སི་རི་ཡའི་སྲིད་གཞུང་གིས་དེ་སྔོན་གཞི་ཁྱོན་ཆུང་བའི་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྱ་སྤྱོད་དེ་ནི་དམག་འཁྲུག་སྤྱི་ཆིངས་ཚང་མ་དང་རྒྱབ་འགལ་བྱས་པ་ཞིག་ཡིན་ཞེས་བསྟན་ཡོད། དབྱིན་ཇིའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དབྱིན་ཇིར་ཡང་ཚད་གཞི་ཡོད་ཀྱང་གོ་སྐོན་བློ་འགུག་གི་ནུས་པ་ཡོད་པའི་ཆ་འཕྲིན་ཐོབ་ཡོད་ཅེས་བསྟན་ཡོད། ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གལ་སྲིད་སི་རི་ཡས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་གཏན་འཁེལ་བྱས་ཚེ། ཨ་རིས་ཁ་གཏད་གཅོག་པའི་བྱ་སྤྱོད་བཟུང་རྒྱུའི་བསམ་གཞིགས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པས། ཀྲུང་གོས་དེའི་ཐད་དཔྱད་གཏམ་གང་འདྲ་ཞིག་ཡོད་དམ་ཞེས་དྲིས་པར།

ཧྭ་ཁྲུན་ཡིང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཆེར་དང་ལེན་བྱེད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་རྩ་འཛིན་དང་རྒྱབ་འགལ་བྱས་པ་ཞིག་ཡིན་པ་དང་། སུས་བེད་སྤྱོད་བྱས་ནའང་ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ནི་འགྱུར་བ་མེད་པ་དང་ཁ་གསལ་ཞིག་ཡིན། ཀྲུང་གོས་རྒྱལ་ཁབ་སུ་ཞིག་ལའང་དྲག་ཤུགས་ཀྱི་ཐེ་ཇུས་བྱ་རྒྱུར་ཡིད་མཐུན་བྱེད་ཀྱི་མེད། ལངས་ཕྱོགས་དེའང་འགྱུར་བ་མེད་པ་དང་ཁ་གསལ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག