མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མེང་ཅན་ཀྲུའུ་ཡིས་དུས་བབ་གསར་པའི་འོག་སྲིད་ཁྲིམས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-27 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས25ཉིན་ནས26ཉིན་བར་རྒྱལ་ཡོངས་སྲིད་ཁྲིམས་ཀྱི་དྲིལ་བསྒྲགས་ལས་དོན་གྲོས་ཚོགས་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མེང་ཅན་ཀྲུའུ་ཡིས་དུས་བབ་གསར་པའི་འོག་སྲིད་ཁྲིམས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད། སྲིད་ཁྲིམས་ལས་ཁུངས་ཀྱིས་རང་འགུལ་ངང་ནས་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་ཆ་འཕྲིན་བརྒྱུད་གཏོང་རྣམ་པ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱི་གནས་བབ་ཁོར་ཡུག་དང་སྤྱི་དམངས་ཀྱི་ཐེ་ཞུགས་བྱེད་ཐབས་ཀྱི་འགྱུར་ལྡོག་ཆེན་པོར་འཚམ་པ་བྱས་ཏེ། དུས་བསྟུན་མདུན་བསྐྱོད་སྒོ་ནས་འདུ་ཤེས་དང་གསར་གཏོད་སྒྲིག་གཞི་མཐོ་རུ་གཏོང་རྒྱུ་དང་། ཁྱོན་ཡོངས་ནས་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་སྤྱི་ཚོགས་འབྲེལ་གཏུགས་ནུས་པ་མཐོ་རུ་གཏོང་རྒྱུ། སྒོ་དབྱེ་དང་རང་གིས་རང་ལ་ཡིད་ཆེས་ཡོད་པའི་རྣམ་འགྱུར་ཐོག་ནས། མི་དམངས་མང་ཚོགས་ཀྱིས་སྲིད་ཁྲིམས་ལས་དོན་ལ་རེ་སྒུག་དང་དོ་ཁུར་བྱེད་པའི་གནད་དོན་ལ་དེ་བས་ཧུར་བརྩོན་ཆེ་བ་དང་རང་འགུལ་ངང་ལན་ཆ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག