སྤྱི་ཟླ4བའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།
སྤྱི་ཟླ4བའི་ཚེས26ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་རྣམ་གཉིས་ཀྱིས་སྤྱི་ཟླ4བའི་ཚེས26ཉིན་པེ་ཅིན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཀྱི་སྦས་ཤུགས་དེ་སྔར་ལས་མང་བའི་གྲུབ་འབྲས་སུ་བསྒྱུར་ཏེ། ངེས་པར་དུ་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་དང་། སྲུང་སྐྱོབ་རང་ལུགས་ལ་ངོ་རྒོལ་བྱེད་བྱས་ནས། ཕྱོགས་གཉིས་ཀྱི་སྒོ་ཆེན་ཡངས་བར་འབྱེད་དགོས་པ་དང་། ཉོ་ཚོང་གི་རྣམ་པ་དོ་མཉམ་ཡོང་བར་སྐུལ་འདེད་བཏང་ནས། མཉམ་དུ་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པའི་ཁྲོད་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།
ཨོ་ལིང་ཏི་ཡིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ་དང་། ཉོ་ཚོང་སྲུང་སྐྱོབ་རང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།
ཀྲང་ཏི་ཅང་གིས་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། སྐབས་གསར་བའི་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ཅིང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་ཧྥ་རན་སིའི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། དུས་བཅད་བརྗེ་རེས་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་དང་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོ་ཧྥ་རན་སིའི་དངོས་གཉེར་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།
ཨོ་ལིང་ཏི་ཡིས་བཤད་རྒྱུར། གྲོང་ཁང་བར་གྱི་འགྲོ་འོང་ནི་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཤུགས་སྣོན་འདོད་ཡོད་ཟེར། །