མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཨོ་ལེང་ཏི་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཚོང་དོན་གླེང་སྟེགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-27 10:33

01.jpg

  སྤྱི་ཟླ4བའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥ་རན་སའི་ཙུང་ཐུང་ཨོ་ལེང་ཏི་གཉིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པའི་ཀྲུང་གོ་དང་ཧྥ་རན་སིའི་ཚོང་དོན་གླེང་སྟེགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

02.jpg

  འདི་ནི་སྤྱི་ཟླ4བའི་ཚེས25ཉིན། ཞི་ཅིན་ཕེན་དང་ཨོ་ལེང་ཏི་གཉིས་མཉམ་དུ་གླེང་སྟེགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥ་རན་སའི་ཙུང་ཐུང་ཨོ་ལེང་ཏི་གཉིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པའི་ཀྲུང་གོ་དང་ཧྥ་རན་སིའི་ཚོང་དོན་གླེང་སྟེགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ཞི་ཅིན་ཕེན་གྱིས་ཕྱོགས་གཉི་ཀས་གོ་སྐབས་དམ་འཛིན་དང་མཉམ་ལས་ཟབ་མོ་བྱས་ཏེ། མཉམ་དུ་ཡུན་རིང་དང་རྒྱུན་སྲིང་རུང་བའི་ཀྲུང་གོ་དང་ཧྥན་རན་སིའི་བར་གྱི་རྣམ་པ་གསར་བའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དམ་པོ་འཛུགས་དགོས་པའི་ཐུགས་རེ་བཏོན།

  ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གཙོ་བོ་ཡིན་ལ། དེང་སྐབས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཕྱོགས་སུ་སྤེལ་གྱིན་ཡོད་པ་དེས། ང་ཚོར་འགྲན་རྩོད་གསར་བ་དང་གོ་སྐབས་གསར་བ་བསྩལ། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ལ་ཕན་ཚུན་ཁ་གསབ་བྱེད་པའི་དགེ་མཚན་ལྡན་པ་དང་། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བས། ཕྱོགས་གཉིས་ཀས་ཐབས་ཇུས་ཀྱི་ཐད་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གོང་དུ་སྤེལ་བ་དང་། ཁྱབ་ཁོངས་གསར་བ་དང་སྒྲུབ་སྟངས་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། མཉམ་དུ་ཡུན་རིང་དང་རྒྱུན་བསྲིང་རུང་བའི་ཀྲུང་གོ་དང་ཧྥན་རན་སིའི་བར་གྱི་རྣམ་པ་གསར་བའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དམ་པོ་འཛུགས་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་མཇུག་མཐར། ཧྥ་རན་སིའི་ཁེ་ལས་ཀྱིས་གནས་བབ་ལ་བསྟུན་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྲོམ་ར་ཧུར་ཐག་གིས་གསར་སྤེལ་བྱེད་དགོས་པའི་ཐུགས་རེ་བཏོན་པར་མ་ཟད། ཕྱོགས་གཉིས་ཀས་ཕན་ཚུན་ལ་བརྩི་འཇོག་དང་། མཉམ་དུ་འབད་བརྩོན་བྱས་ན། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཅིས་ཀྱང་སྟོབས་ཤུགས་གསར་བ་རྒྱས་ཏེ། རྒྱལ་ཁབ་གཉི་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་གི་དཔལ་འབྱོར་གོང་དུ་སྤེལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།

  ཨོ་ལེང་ཏི་ཡིས་ཤིས་ཚིག་འབུལ་སྐབས། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་བ་དང་། ནང་སྒོས་སུ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་། ནང་མཁོ་རྒྱ་བསྐྱེད་པར་འབད་བརྩོན་བྱས་ཏེ། དཔལ་འབྱོར་ཅུང་མགྱོགས་པོར་འཕར་སྣོན་འབྱུང་བ་སྲུང་འཛིན་བྱས་བར་བསྔགས་བརྗོད་བྱས་པ་དང་། ཧྥ་རན་སིས་ཀྲུང་གོའི་འཕེལ་རྒྱས་ལ་བརྟེན་ནས། རྒྱལ་ཁབ་གཉི་ཀ་ཐུན་མོང་གི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག