ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས25ཉིན་པེ་ཅིན་ནས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་གསུམ་པའི་སྟེང་མིང་བཀོད། ཀྲུའུ་ཞིའི་བཀའ་ཁྱབ་ཨང་གསུམ་པའི་ནང་བཀོད་དོན། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐོར་བཅའ་ཁྲིམས»ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང2013ལོའི་སྤྱི་ཟླ4བའི་ཚེས25ཉིན་གྲོས་འཆམ་བྱུང་བར་མ་ཟད། 2013ལོའི་སྤྱི་ཟླ10བའི་ཚེས1ཉིན་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། །