མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ4བའི་ཚེས25ཉིན་གྱི་སྔ་དྲོར་གྲོས་ཚོགས་བསྡུས་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བྱ་བར་ད་རུང་དཀའ་ཁག་དང་འགྲན་རྩོད་ཁ་ཤས་གནས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ནས་བལྟས་ན། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཅུང་དལ་ཞིང་། སའི་གོ་ལ་ཡོངས་ཀྱི་འཁོར་རྒྱུག་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། བདག་དབང་བུ་ལོན་ཉེན་ཁས་ཚོང་རའི་ཡིད་ཆེས་ལ་ཡང་ནས་ཡང་དུ་ཕོག་ཐུག་བཏང་བར་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ཉེན་ཁས་མུ་མཐུད་དུ་ཤུགས་རྐྱེན་ཐེབས་བཞིན་འདུག རྒྱལ་ནང་ནས་བལྟས་ན། དཔལ་འབྱོར་འཕར་ཚད་ཇེ་ཆེར་སོང་ནས། ཞིང་ལས་ཀྱི་བརྟན་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། དངུལ་ལོར་ཁྱབ་ཁོངས་ལ་ཐུག་པའི་ཉེན་ཁར་དོགས་ཟོན་ནན་མོ་བྱེད་དགོས་པ་དང་། ཁོར་ཡུག་བཙོག་འགྱུར་དང་ཟས་རིགས་དང་སྨན་རྫས་བདེ་འཇགས་སོགས་གནད་དོན་འབུར་ཐོན་རེད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གནས་བབ་གསར་བར་ཁ་གཏད་དེ། ང་ཚོས་ཕྱོགས་གཉིས་ཀྱི་ཐད་ནས་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་དགོས། བླངས་བའི་གྲུབ་འབྲས་ལ་ཁས་ལེན་དགོས་པར་མ་ཟད། གནས་པའི་གནད་དོན་ལའང་རྒྱུས་ལོན་གསལ་བོ་བྱེད་དགོས་ལ། ཆེ་ཕྱོགས་སྲིད་ཇུས་བརྟན་འཇགས་སུ་བཏང་ནས། ཕྲ་མཐོང་སྲིད་ཇུས་ཇེ་ལྷོད་དུ་བཏང་བ་དང་། སྤྱི་ཚོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བའི་རེ་བ་ལྟར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་བཞག་ནས། མུ་མཐུད་དུ་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཁྲོད་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས། སྲིད་ཇུས་ཀྱི་དམིགས་ཡུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཐོན་ཚད་འཕར་ཚད་བརྟན་འཇགས་སུ་གཏོང་བ་དང་། དངུལ་ལོར་ཚོད་མེད་བཀྲམ་པར་ཚོད་འཛིན། ཉེན་ཁ་སྔོན་འགོག་བྱེད་པ་སོགས་གཅིག་གྱུར་གྱིས་འཆར་གཞི་བཀོད་ནས། བཅོས་སྒྱུར་སྒོ་འབྱེད་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པ་དང་། གསར་བསྐྲུན་གྱི་རྣམ་པས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྒྲིག་གཞིའི་རིམ་པ་བསྒྱུར་བ། རྒྱུན་ཆད་མེད་པར་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་གོ་རིམ་ཁྲོད་དུ་ལག་ལེན་མཐར་ཕྱིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་བྱེད་ཐབས་ཇེ་མགྱོགས་སུ་བཏང་ནས། རྒྱུ་སྤུས་དང་། ཕན་འབྲས། ལས་ཞུགས་དང་ཡོང་སྒོ། ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་གྲོན་ཆུང་སོགས་མཐུན་སྦྱོར་ངང་ཡར་སྐུལ་བྱེད་དགོས་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཤུགས་ཆེན་པོས་དམངས་ཀྱི་འཚོ་བར་འགན་སྲུང་དང་ཇེ་བཟང་དུ་གཏོང་བའི་བྱ་བར་ཤུགས་བསྣན་ནས། སྔ་མོ་ནས་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པའི་ཞབས་ཕྱིའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རིམ་སྨན་བཅོས་ཉེན་ཚབ་ལམ་ལུགས། མ་མཐའི་འཚོ་བ་དང་། ནད་རིགས་ཆེན་མོ་འགན་སྲུང་དང་རྒུད་སྐྱོབ་ལམ་ལུགས་སོགས་འཐུས་ཚང་དུ་གཏོང་དགོས་པ་དང་། ས་ཁོངས་བདག་ཁང་ཚོང་རའི་སྙོམས་སྒྲིག་དང་སྡོད་ཁང་འགན་སྲུང་བྱ་བ་དམ་འཛིན་བྱེད་དགོས་པའི་ཞོར་དུ། བྱ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཟི་ཁྲོན་ཞིང་ཆེན་ལུའུ་ཧྲན་རྫོང་གི་ས་འགུལ་གནོད་འཚེའི་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་འཚོ་བར་བཀོད་སྒྲིག་བཟང་བོ་བྱས་ནས། གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་གྲ་སྒྲིག་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས།

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག