མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་དྲང་བདེན་ཨུ་རུ་སི་ཏང་གི་ཀྲུའུ་ཞི། ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་ལེ་བེ་ཆེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:56

124632884_31n.jpg

  སྤྱི་ཟླ4བའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་དྲང་བདེན་ཨུ་རུ་སི་ཏང་གི་ཀྲུའུ་ཞི། ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་ལེ་བེ་ཆེ་ཧྥུའུ་ལ་མཇལ་འཕྲད་གནང་། 
 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ4བའི25ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་དྲང་བདེན་ཨུ་རུ་སི་ཏང་གི་ཀྲུའུ་ཞི། ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་ལེ་བེ་ཆེ་ཧྥུའུ་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་ཐོག་མར་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཐད་ལ་རྒྱབ་སྐྱོར་དང་འཚམས་འདྲི་ཞུས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ཏང་བར་གྱི་འབྲེལ་འདྲིས་དང་གྲོས་ཁང་བར་གྱི་བརྗེ་རེས་ཚང་མ་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དྲང་བདེན་ཨུ་རུ་སི་ཏང་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

  ལེ་བེ་ཆེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཐོག་དང་བོར་ཨུ་རུ་སི་ལ་འཚམས་འདྲི་གནང་བར་གདེང་འཇོགས་ཆེན་པོ་གནང་བར་མ་ཟད། དྲང་བདེན་ཨུ་རུ་སི་ཏང་གིས་བློ་བརྟན་འགྱུར་མེད་སྒོས་ཨུ་རུ་སི་དང་ཀྲུང་གོའི་འཐབ་ཇུས་རོགས་ལས་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ་དེའི་ལ་ནུས་ཤུགས་གང་ཡོད་འདོན་རྒྱུའི་བསམ་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག