མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱབ་ཤ་སྔོན་པོའི་དེབ་ཀྱི་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས24ཉིན། ཀྲུང་གོ་འཛུགས་སྐྲུན་མ་འཇོག་ཞིབ་འཇུག་ཁང་དང་སྤྱི་ཚོགས་ཚན་རིག་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་དང་མ་འཇོག་གྲོས་མོལ་ཚོགས་འདུ་དང་སྤྱི་ལོ2013ལོའི་མ་འཇོག་རྒྱབ་ཤ་སྔོན་པོའི་དེབ་ཀྱི་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིན་དུ་འཚོགས་པ་དང་། གྲོས་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ2013ལོའི་མ་འཇོག་དེབ་ཐེར་སྔོན་པོའི་ནང་། གྲོང་ཁྱེར་དང་གྲོང་བརྡལ་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ནི་སྐབས་གསར་པའི་སྲིད་གཞུང་གི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ2013ལོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་འཕར་ཚད་དེ8%ཟིན་རྒྱུའི་ངོས་འཛིན་གནང་བ་རེད།

དེབ་ཐེར་སྔོན་པོའི་ནང་། སྤྱི་ལོ2013ལོར་ཀྲུང་གོའི་དཔལ་འབྱོར་ལ་གོ་སྐབས་དང་འགྲན་རྩོད་གསར་པ་འཕྲད་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར་གཞིགས་ན། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་ནི་སྐབས་གསར་པའི་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་གཙོ་བོ་ཞིག་ཡིན་སྲིད་པས། དེར་བརྟེན་གྲོང་ཁྱེར་དང་གྲོང་བརྡལ་ཅན་འཛུགས་སྐྲུན་ལ་གཞིགས་པའི་མ་དངུལ་ལ་འཕེལ་ཕྱོགས་ཆེན་པོ་ཡོད་ཅེས་བཏོན་ཡོད་པ་རེད།

དེབ་ཐེར་སྔོན་པོའི་ནང་སྤྱི་ལོ2013ལོར་ཀྲུང་གོའི་དཔལ་འབྱོར་ལ་སྔར་བཞིན་འགྲན་རྩོད་མི་ཉུང་བ་ཞིག་འཕྲད་རྒྱུ་དང་། དེ་ཡང་དང་པོ། ཐོན་ནུས་ལྷག་པའི་གནས་ཚུལ་ཚབས་ཆེ་རུ་འགྲོ་བ་དང་། གཉིས་པ། དངུལ་ཁང་མ་ལག་གི་དངུལ་བུན་གཡར་བའི་ཚད་གཞི་མཐོ་རུ་འགྲོ་སྲིད་པ། གསུམ་པ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་འགྲོ་སོ་མེད་པ་བཅས་བཏོན་ཡོད་པ་རེད།

དེབ་ཐེར་སྔོན་པོའི་ནང་། སྤྱི་ལོ2013ལོར་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་མ་དངུལ་གཏོང་ཤུགས་དེ་སྤྱི་ལོ2012ལོའི་ལོ་སྨད་ནས་བཟུང་འཕར་སྣོན་རྣམ་པའི་རྒྱུན་མཐུད་རྒྱུ་དང་། དཔལ་འབྱོར་འཕར་ཚད་དལ་པོའི་ངང་འཕར་སྣོན་འགྲོ་རྒྱུར་སྣེ་ཁྲིད་བྱེད་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག