མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སོ་སོར་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་དང་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨེར་སིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:33

02.jpg

  སྤྱི་ཟླ4བའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ལ་མཇལ་འཕྲད་གནང་།

03.jpg

  སྤྱི་ཟླ4བའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨེར་སིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས24ཡི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་དང་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨེར་སིན་ལ་མཇལ་འཕྲད་གནང་།

  ཅི་ཞིན་ཀི་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཉིད་ཀྱིས་ལོ་བཅུ་ཕྲག་འགའི་རིང་ལ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་དམིགས་བསལ་གྱི་བྱས་རྗེས་བཞག་པར་བསྔགས་བརྗོད་མཛད། ཞི་ཅིན་ཕེན་གྱིས་ཕྱོགས་གཉི་ཀས་ཕན་ཚུན་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པ་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉི་ཀའི་འབྲེལ་བ་ཡུན་རིང་བོར་སྐྱོན་བྲལ་བ་དང་བརྟན་པའི་ངང་གོང་དུ་སྤེལ་བར་ཡང་སྐུལ་གཏོང་དགོས་ཞེས་གསུངས།

  པའོ་ཨེར་སིན་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཐོག་མར་པའོ་ཨེར་སིན་གྱིས་སི་ཁྲོན་ལུའུ་ཧྲན་དུ་ས་འགུལ་དྲག་པོ་བྱུང་བར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་བར་ཐུགས་རྗེ་ཆེ་ཞུས།

  ཞི་ཅིན་ཕེན་གྱིས་ད་ལྟ་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་གོ་རིམ་ཡོད་པའི་ངང་ནས་སྒྲུབ་བཞིན་ཡོད་པས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་ཁག་ཁྱད་དུ་བསད་དེ། ས་འགུལ་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ནུས་བ་ཡོད་ཅེས་གསུངས།   

  ཞི་ཅིན་ཕེན་གྱིས་ད་ལྟ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིར་བརྟན་འཇགས་ངང་གོང་དུ་འཕེལ་གྱིན་ཡོད་ལ། རྒྱལ་ཁབ་གཉི་ཀའི་མགོ་ཁྲིད་པའི་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཕྱོགས་གཉི་ཀས་སྲིད་གཞུང་བར་གྲོས་མོལ་ནང་རྐྱེན་དགུ་བཅུ་ལྷག་བཙུགས་པ་དང་། ཁྱབ་ཁོངས་མང་པོ་ནས་གཉིས་ཕན་མཉམ་ལས་སྤེལ་ཞེས་གསུངས་བར་མ་ཟད། པའོ་ཨེར་སིན་ལྟེ་གནས་ཀྱིས་ཉེ་བའི་ལོ་འགར་རྒྱལ་ཁབ་གཉི་ཀའི་ནུས་ཁུངས་དང་ཁོར་ཡུག ནམ་ཟླ། མི་སྣའི་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འབད་བརྩོན་བྱས་བ་ཁས་བླངས་པ་དང་། ཉིད་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉི་ཀའི་འབྲེལ་བ་གོང་དུ་སྤེལ་བར་ནུས་བ་ཆེན་པོ་འདོན་དགོས་པའི་སྐུལ་མ་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག