མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚན་པ་བརྒྱད་ཀྱིས་རྫུན་བཟོ་དང་ཁྲིམས་འགལ་གྱི་སྨན་རྫས་མཚམས་སྦྱོར་བརྡ་ཁྱབ་བཅོས་སྒྲིག་བྱེད་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ཚོང་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། གསར་འགྱུར་དཔེ་བསྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་ཅུས་བཅས་ཀྱིས་སྤྱི་ཟླ4བའི་ཚེས22ཉིན་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། དུས་ཡུན་ཟླ་བ3རིང་གི་རྫུན་བཟོ་དང་ཁྲིམས་འགལ་གྱི་སྨན་རྫས་མཚམས་སྦྱོར་བརྡ་ཁྱབ་བཅོས་སྒྲིག་བྱེད་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གཙོ་གནད་ནི་འབྲེལ་ཡོད་གསར་འགྱུར་ལས་ཁུངས་དང་དྲ་ཚིགས་ཀྱིས་ཁྱབ་སྤེལ་བྱས་པའི་སྨན་རྫས་སྐོར་གྱི་བརྡ་ཁྱབ་དང་ཆ་འཕྲིན་དང་། གཉེར་སྐྱོང་བྱས་པའི་རིགས་ཁག་དང་ཆེད་དོན་རིགས་ཀྱི་བདེ་ཐང་བློ་འདྲིའི་ལེ་ཚན་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག