མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀུའེ་ཀྲོའུ་རི་ཉིལ་བའི་དོན་རྐྱེན་གྱི་རོགས་སྐྱོབ་ལས་དོན་ཁྱོན་ཡོངས་ནས་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས24ཉིན་གྱི་སྔ་དྲོ། གར་སོང་ཆ་མེད་དུ་གྱུར་བའི་མཇུག་མཐའི་མི་གཉིས་གྱི་ཕུང་པོ་རྙེད་པ་དང་བསྟུན་ནས། སྤྱི་ཟླ4བའི་ཚེས22ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་གྱི་སི་ནན་རྫོང་དུ་བྱུང་བའི་རི་ཉིལ་བའི་དོན་རྐྱེན་གྱི་རོགས་སྐྱོབ་ལས་དོན་ཁྱོན་ཡོངས་ནས་མཇུག་སྒྲིལ་བ་དང་། ཁྱོན་བསྡོམས་མི11རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་བཟོས་ཡོད་པ་རེད།

དོན་རྐྱེན་ཐོན་རྗེས། ཐུང་རེན་གྲོང་ཁྱེར་དང་སི་ནན་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་མར་མི་སྣ་སྟོང1ལྷག་སྒྲིག་འཛུགས་བྱས་ནས། ས་ཆ་དངོས་སུ་གནོད་སེལ་རོགས་སྐྱོབ་ལ་ཕྱིན་པ། རྨས་མ2སྐྱོབ་བཅོས་བྱས་པ་མ་ཟད་འཕྲལ་མར་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་སྐྱེལ་བ་དང་། མིག་སྔར་རྨས་མ་སྲོག་ཉེན་ལས་ཐར་ཡོད་པ་རེད།

སྤྱི་ཚེས24ཉིན་གྱི་སྔ་དྲོ་རོགས་སྐྱོབ་ལས་དོན་མཇུག་སྒྲིལ་བ་དང་། ས་ཆ་དངོས་སུ་གཙང་སེལ་བྱེད་འགོ་ཚུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག