མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆམ་རིམས་དང་ན་རྐྱེན་གསལ་པོ་མེད་པའི་གློ་ཚད་ལྟ་ཞིབ་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་གཤམ་གཏོང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མིར་འགོ་བའིH7N9བྱ་རིགས་ཆམ་རིམས་སོགས་ནད་ཡམས་ཚུད་པའི་རིམས་ནད་དང་ན་རྐྱེན་གསལ་པོ་མེད་པའི་གློ་ཚད་ལ་ལྟ་ཞིབ་བྱེད་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། མིར་འགོ་བའིH7N9བྱ་རིགས་ཆམ་རིམས་སོགས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་ཀ་ཡག་པོ་བྱེད་རྒྱུར་རོགས་སྐྱོར་བྱེད་ཆེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ནས་ཆམ་རིམས་དང་ན་རྐྱེན་གསལ་པོ་མེད་པའི་གློ་ཚད་ལྟ་ཞིབ་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.229གཤམ་གཏོང་བྱས་ཡོད་ཅིང་། མ་དངུལ་དེ་དག་གཙོ་བོH7N9བྱ་རིགས་ཆམ་རིམས་དང་ཆམ་ནད་ཀྱི་ནད་རྟགས་ཡོད་མཁན་ནད་པ། དབུགས་ལམ་ལ་ཉེན་ཁ་ཚབས་ཆེན་རྒྱས་པ། དེ་བཞིན་ན་རྐྱེན་གསལ་པོ་མེད་པའི་གློ་ཚད་ལ་ལྟ་ཞིབ་བྱེད་རྒྱུ་སོགས་ཀྱི་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུའི་ཐད་བེད་སྤྱོད་གཏོང་རྒྱུ་རེད། དེ་དང་དུས་མཚུངས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་འགན་འཁྲི་གང་མགྱོགས་བཀོད་སྒྲིག་དང་དུས་ཐོག་ལ་ཁ་གསབ་མ་དངུལ་གཤམ་གཏོང་བྱས་ཏེ། སྔོན་བརྩིས་ལག་བསྟར་གྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག