མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་དེ་མི་སྣའི་འགྲོ་གྲོན་སོགས་འབྲེལ་བ་མེད་པའི་རྣམ་གྲངས་ཐད་གཏོང་མི་ཆོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་ནོར་སྲིད་གཅིག་གྱུར་འཆར་འགོད་ཀྱིས་ས་ཞིང་ནང་བཤུག་བཏང་བའི་ཁེ་ཕན་ཁྲོད་ནས་བཏོན་པའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་གྱི་བེད་སྤྱོད་དོ་དམ་ཚད་ལྡན་དང་ཤུགས་ཆེར་གཏོང་ཆེད་དང་། མ་དངུལ་བེད་སྤྱོད་ཀྱི་ལས་ཆོད་མཐོ་རུ་གཏོང་ཆེད། ནོར་སྲིད་པུའུ་དང་། ཆུ་བེད་པུས་ཀྲུང་དབྱང་གི་ནོར་སྲིད་གཅིག་གྱུར་འཆར་འགོད་ཀྱིས་ས་ཞིང་ནང་བཤུག་བཏང་བའི་ཁེ་ཕན་ཁྲོད་ནས་བཏོན་པའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་གྱི་བེད་སྤྱོད་བྱ་ཐབས་ཞེས་པ་བཟོས་པ་མ་ཟད། དུས་མཚུངས་ད་དུང་དངོས་སུ་པར་འགྲེམས་བྱས་ཡོད་པ་རེད། བརྡ་ཐོའི་ནང་། ཀྲུང་དབྱང་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་ཆེད་དོན་དེ་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་རྒྱུའི་ཐད་བེད་སྤྱོད་གཏོང་ཆོག་པ་གསལ་བཏོན་བྱས་ཡོད། དེའི་ཁྲོད80%ཞིང་ཁའི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་ཐད་གཏོང་རྒྱུ་དང་། 20%གོང་དུ་ཞུས་པའི་ཞིང་ཁའི་ཆུ་བེད་སྒྲིག་ཆས་ཀྱི་རྒྱུན་ལྡན་སྲུང་སྐྱོང་གི་ཐད་བེད་སྤྱོད་གཏོང་རྒྱུ་གསལ་བཏོན་བྱས་ཡོད། བརྡ་ཐོའི་ནང་ད་དུང་། ཀྲུང་དབྱང་གི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་དེ་མི་སྣའི་འགྲོ་གྲོན་དང་། སྤྱི་སྤྱོད་འགྲོ་གྲོན། འགྲིམ་འགྲུལ་ཡོ་བྱད་ཉོ་སྒྲུབ་སོགས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་དང་འབྲེལ་བ་མེད་པའི་གཏོང་འགོའི་ཐད་སྤྱོད་མི་ཆོག་པ་ནན་བཏོན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག