མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨའོ་མན་གྱིས་སི་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་དངུལ་སྒོར་དུང་ཕྱུར1ཞལ་འདེབས་བརྒྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་མགྲིན་ཚབ་པའི་གཞུང་ལས་ཁང་གིས་སྤྱི་ཟླ4བའི་ཚེས22ཉིན་ཟུར་གསལ་བྱས་པར་གཞིགས་ན། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཨའོ་མན་གྱི་དངུལ་ལོར་སྒོར་དུང་ཕྱུར1བཏང་ནས་སི་ཁྲོན་གཡག་རྔའི་ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་གནོད་སེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད་ཡོད་པ་རེད།

སྤྱི་ཚེས20ཉིན་སི་ཁྲོན་གཡག་རྔའི་ལུའུ་ཧྲན་རྫོང་དུ་ས་ཡོམ་དྲག་པོ་བརྒྱབ་རྗེས། སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་གྱིས་ཚད་མཐོའི་དོ་ཁུར་གནང་ནས། ས་ཡོམ་བརྒྱབ་པའི་ཉིན་དེ་རང་དུ་སི་ཁྲོན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་ཡོད་པ་རེད། དེ་རྗེས། ཚུའེ་ཧྲི་ཨན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྤྱི་ཚོགས་རིག་གནས་སིའི་སི་ཀྲང་ཀྲང་ཡུས་ཀྱིས་ད་ལྟ་ཡོད་པའི་སི་ཁྲོན་ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་གི་སྒྲིག་གཞི་བེད་སྤྱད་དེ་སི་ཁྲོན་ཞིང་ཆེན་ས་ཡོམ་གནོད་འཚེ་ཕོག་ཁུལ་དང་འབྲེལ་གཏུག་བྱས་ནས་ནུས་ཤུགས་ཡོད་རྒུས་གནོད་སེལ་ལས་དོན་ལ་རམ་འདེགས་དང་རྒྱབ་སྐྱོར་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད།

སྤྱི་ཚེས22ཉིན། ཨའོ་མན་དམིགས་བསལ་ཁུལ་སྲིད་གཞུང་གིས་ཨའོ་མན་གྱི་དངུལ་ལོར་སྒོར་དུང་ཕྱུར1བཏང་ནས་གནོད་སེལ་ལས་དོན་ལ་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་ཡོད་པ་རེད། ཚུའེ་ཧྲི་ཨན་གྱིས་དེ་དང་ཆབས་ཅིག ཨའོ་མན་གྱི་རྒྱ་ཆེའི་གྲོང་མི་དང་མཐུན་ཚོགས་ཀྱིས་སི་ཁྲོན་གྱི་གནོད་སེལ་ལས་དོན་ནང་ཞུགས་རྒྱུའི་རེ་འབོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག