མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2012ལོར་འགག་སྒོས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱས་པའི་གྱོད་དཔེ་ཆེ་བ་བཅུ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས26ཉིན་གྱི་འཛམ་གླིང་ཤེས་བྱའི་ཐོན་དབང་ཉིན་མོ་མ་སླེབས་གོང་དུ། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་ལོ2012ལོར་ཀྲུང་གོའི་འགག་སྒོས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱས་པའི་གྱོད་དཔེ་ཆེ་བ་བཅུ་ཡོངས་བསྒྲགས་བྱས་ཡོད་པ་རེད། གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2013ལོར་ཀྲུང་གོའི་འགག་སྒོའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་གཙོ་གནད་ལས་དོན་ཁྲོད། འགག་སྒོས་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ཕུགས་ཕན་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ནང་ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་མུ་མཐུད་ཁྲིད་སྟོན་བྱེད་པ་མ་ཟད་སྐུལ་འདེད་གཏོང་བ། མུ་མཐུད་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། ལས་རིགས་ཁག་དང་ལྷག་པར་དུ་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱིས་འགག་སྒོའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཁྲིམས་མཐུན་ཁེ་གཉེར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱི་ནང་མཉམ་འགུལ་གྱིས། འགག་སྒོས་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་སྒྲིག་གཞིར་སྔར་བས་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག