མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཧྲན་ས་ཡོམ་ནང་བསྡོམས་པས་ཡོམ་ལྷག་ཐེངས3244བརྒྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་ས་ཡོམ་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ4བའི་ཚེས23ཉིན་གྱི་ཆུ་ཚོད6པའི་བར་སླེབས་སྐབས། སི་ཁྲོན་ཞིང་ཆེན་ལུའུ་ཧྲན་རྫོང་གི་སྤྱི་ཟླ4བའི་ཚེས20ཉིན་གྱི་ས་ཡོམ་རིམ་པ7བརྒྱབ་ནས་བསྡོམས་པས་ཡོམ་ལྷག་ཐེངས3244བརྒྱབ་ཡོད་པ་དང་། དེའི་ཁྲོད་ས་ཡོམ་རིམ་པ3ཡན་ཐེངས100བརྒྱབ་ཡོད། དེའི་ནང་ས་ཡོམ་རིམ་པ5ནས་རིམ་པ5.9ཡི་བར་ཐེངས4དང་། རིམ་པ4ནས་རིམ་པ4.9ཡི་བར་ཐེངས21། རིམ་པ3ནས་རིམ་པ3.9ཡི་བར་ཐེངས75བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག