མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ4པའི་ཚེས23ཉིན་འཛམ་གླིང་དཔེ་དེབ་ཀློག་པའི་ཉིན་མོ་ཐེངས18པ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་དཔེ་དེབ་ཀློག་པའི་ཉིན་མོ་ཐེངས18པ་ཐོན་པའི་སྐབས་འདིར། རྒྱལ་ཁབ་དཔེ་མཛོད་ཁང་གིས་སྤྱི་ཟླ4བའི་ཚེས23ཉིན་དཔེ་དེབ་ཀློག་པ་དེས་མི་ཚེ་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་སྟེ། སྤྱི་ཟླ4པའི་ཚེས23ཉིན་གྱི་འཛམ་གླིང་དཔེ་དེབ་ཀློག་པའི་ཉིན་མོར་ཕུལ་བྱུང་དཔེ་དེབ་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་ཡོད། དཔྱད་འདེམས་ནང་འོས་སྦྱོར་བྱེད་པ་དང་། ཐོག་མའི་དཔྱད་འདེམས་བྱེད་པ། མཐའ་མའི་དཔྱད་འདེམས་བྱེད་པ་བཅས་ཀྱི་གོ་རིམ་བརྒྱུད། སྐབས་བརྒྱད་པའི་ཝན་ཅིན་དཔེ་དེབ་བྱ་དགའ་ཐོབ་པའི་དཔེ་དེབ་རིགས་བཅུ་བདམས་ཡོད་པ་དང་། དཔེ་དེབ་རིགས58འོས་སྦྱོར་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག