མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡོན་ཧྲན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་མཐོ་རིམ་གླེང་སྟེགས་སྐབས་བཞི་བར་ཞུགས་པའི་ཡོ་རོབ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:55

02.jpg

  སྤྱི་ཟླ4བའི་ཚེས22ཉིན། ཀྲུང་གུང་ཀྲུང་ཆབ་སྲིད་བཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་གྱིས་སུའུ་ཀྲིག་ནས་ཀྲུང་གོ་ཡོ་རོབ་གླིང་སྲིད་ཏང་མཐོ་རིམ་གླེང་སྟེགས་སྐབས་བཞི་བར་ཞུགས་པའི་ཡོ་རོབ་གླིང་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།  

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་ཆབ་སྲིད་བཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་གྱིས་སྤྱི་ཟླ4བའི་ཚེས22ཉིན་གྱི་ཕྱི་དྲོར་སུའུ་ཀྲིག་ནས་ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་མཐོ་རིམ་གླེང་སྟེགས་སྐབས་བཞི་བར་ཞུགས་པའི་ཡོ་རོབ་གླིང་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

  ལིག་ཡོན་ཧྲན་གྱིས་ད་ལྟའི་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་རང་སྟེང་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་ཞིག་གནས་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་འདྲིས་ཇེ་ཟབ་དང་། ཐུན་མོང་གི་ཁེ་ཕན་ཇེ་མང་། མཉམ་ལས་ཀྱི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀས་ངེས་པར་དུ་སྐྱིད་སྡུག་མཉམ་མྱོང་དང་། མཉམ་ལས་མཉམ་རྒྱལ་གྱི་ལྟ་བ་མངོན་འགྱུར་བྱེད་པར་བརྩོན་ལེན་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་དངོས་གཉེར་མཉམ་ལས་ཟབ་མོ་བྱེད་པའི་ཁྲོད་དུ་ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡར་སྐུལ་གཏོང་དགོས་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་གི་མཐོ་རིམ་གླེང་སྟེགས་དེ་ཀྲུང་གོ་དང་ཡོ་རོབ་གླིང་སྲིད་ཏང་བར་གྱི་འཐབ་ཇུས་རང་བཞིན་གྱི་གྲོས་མོལ་སྟེགས་བུ་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། རེ་བ་ལ་སྐབས་འདིའི་གླེང་སྟེགས་ཀྱིས་ཕྱོགས་གཉིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་བགྲོ་གླེང་བྱེད་པར་གཞིགས་ཏེ། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་མང་པོ་བཏོན་ནས། དུས་སྐབས་གསར་བའི་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་བར་བློ་གྲོས་འབུལ་དགོས་ཞེས་གསུངས།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་སོགས་མཇལ་འཕྲད་གནང་བར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག