མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སུང་ས་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:55

02.jpg

  སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི། ཞོར་དུ་གྲོས་ཁང་རྗེས་མའི་གྲོས་དཔོན་གྱི་འགན་འཁུར་མཁན་སུང་ས་དང་མཇལ་འཕྲད་གནང་།

 03.jpg

  སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི། ཞོར་དུ་གྲོས་ཁང་རྗེས་མའི་གྲོས་དཔོན་གྱི་འགན་འཁུར་མཁན་སུང་ས་དང་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི། ཞོར་དུ་གྲོས་ཁང་རྗེས་མའི་གྲོས་དཔོན་གྱི་འགན་འཁུར་མཁན་སུང་ས་དང་གྲོས་མོལ་མཛད།

  ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐེ་གོའི་རྒྱལ་པོའི་ཕོ་བྲང་དང་སྲིད་གཞུང་། རྒྱལ་ཚོགས་བཅས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་ཀྲུང་གོས་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་བྱས་ནས་ཁྱིམ་མཚེས་མཛའ་མཐུན་འབྲེལ་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཏེ་ཐེ་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅེས་གསུངས་།

  ཀྲང་ཏི་ཅང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཐེ་གོའི་རྒྱལ་ཚོགས་གཉིས་ནི་རང་རང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁྲིམས་འཛུགས་ལས་ཁུངས་ཡིན་པའི་ཆ་ནས་ཕྱོགས་གཉིས་ཀྱིས་མཛའ་མཐུན་མཉམ་ལས་བྱས་ན་ཀྲུང་གོ་དང་ཐེ་གོའི་འབྲེལ་བ་དེ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་ཐུབ་པར་མ་ཟད། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་དར་སྤེལ་གང་ལེགས་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཐོན་ཐུབ་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་གཙོའི་ཁྲིམས་ལུགས་ཀྱི་འཕེལ་རིམ་དང་རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་བྱེད་པ་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས།

  སུང་ས་ཡིས་ཐོག་མར་ཀྲུང་གོའི་ཟི་ཁྲོན་ལུའུ་ཧྲན་རྫོང་དུ་ས་འགུལ་བྱུང་བ་ལས་བཟོས་པའི་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་སོགས་ཀྱི་གནས་ཚུལ་སྐོར་ནས་འཚམས་འདྲི་བྱས་པ་དང་ཀྲང་ཏི་ཅང་གིས་ཡང་བསྐྱར་བཀའ་དྲིན་ཆེ་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག