མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲལ་སྒྲུབ་བཀོད་འདོམས་ཐིན་ལ་ཕེབས་ནས་ས་འགུལ་གྱི་གནོད་ཐེབས་ཡུལ་དངོས་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:55

115493651_71n.jpg

  སྤྱི་ཟླ4བའི་ཚེས22ཉིན། ལིས་ཁི་ཆང་གིས་སི་ཁྲོན་ལུའུ་ཧྲན་ས་འགུལ་བརྒྱུགས་སའི་ཡུལ་དངོས་ལ་ཁ་པར་བཏང་ནས་གནོད་སེལ་རྒུད་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་མཛད།

00000.jpg

  སྤྱི་ཟླ4བའི་ཚེས22ཉིན། ལིས་ཁི་ཆང་གིས་སི་ཁྲོན་ལུའུ་ཧྲན་ས་འགུལ་བརྒྱུགས་སའི་ཡུལ་དངོས་ལ་ཁ་པར་བཏང་ནས་གནོད་སེལ་རྒུད་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ4བའི་ཚེས22ཉིན་གྱི་ཕྱི་དྲོར་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲལ་སྒྲུབ་བཀོད་འདོམས་ཐིན་ལ་ཕེབས་ནས་ཡུལ་དངོས་ལ་ཁ་པར་བཏང་ནས། གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་གསུངས།

  ལིས་ཁི་ཆང་གིས་ཟི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། སི་ཁྲོན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཏུང་མེན་ལ་ཁ་པར་བཏང་ནས། ཡུལ་དངོས་ནས་རྨས་མ་མྱུར་སྐྱོབ་བྱས་པའི་གནས་ཚུལ་ཞིབ་འདྲི་མཛད་པར་མ་ཟད། རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་དང་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱས་པའི་གནས་ཚུལ་རྒྱུས་ལོན་མཛད། དེར་མཐུད་ནས་ལིས་ཁི་ཆང་གིས་ཡུལ་དངོས་ན་ཡོད་པའི་རྒྱལ་ཁབ་རྒུད་སྐྱོབ་རུ་ཁག་གི་རུ་མི་ལ་ཁ་པར་བཏང་ནས། རྒྱ་ཆེའི་རྒུད་སྐྱོབ་མི་སྣར་བརྩེ་བའི་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཁོ་ཚོར་བསྟུད་མར་འབད་འཐབ་བྱེད་པ་དང་ཆེད་ལས་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་རྨས་མ་མྱུར་སྐྱོབ་བྱེད་པ་དང་མཉམ་དུ་རང་ཉིད་ཀྱི་བདེ་འཇགས་ལ་ཡིད་འཇོག་བྱེད་དགོས་ཐུགས་རེ་བཏོན།

  ལིས་ཁི་ཆང་གསུངས་རྒྱུར། གླེང་ཕྱོགས་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་ཤུགས་ཆེན་པོས་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཕྱོགས་སོ་སོར་སྣེ་ཁྲིད་བྱས་ཏེ་ཡུལ་དངོས་ཀྱི་དགོས་མཁོ་ལྟར་ས་འགུལ་གྱི་གནོད་ཐེབས་ས་ཁུལ་རོགས་སྐྱོར་བྱེད་དགོས་པར་མ་ཟད། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གྲ་སྒྲིག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག