མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་འགན་སྒྲུབ་པ་དང་སློབ་སྦྱོང་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:55

124615897_11n.jpg

  སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་འགན་སྒྲུབ་པ་དང་སློབ་སྦྱོང་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་བསྡུས་པ་དང་།ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

124615897_21n.jpg

  སྤྱི་ཟླ4བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་འགན་སྒྲུབ་པ་དང་སློབ་སྦྱོང་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ4བའི་ཚེས22ཉིན་པེ་ཅིན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་འགན་སྒྲུབ་པ་དང་སློབ་སྦྱོང་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་བསྡུས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

  ཀྲང་ཏི་ཅང་གིས་གསུངས་རྒྱུར། ཆེད་དོན་འཆད་ཁྲིད་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མཉམ་དུ་སློབ་སྦྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཡོངས་དང་འབྲེལ་འདྲིས་བྱེད་པ་དང་། ཧུར་ཐག་སྒོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་སློབ་སྦྱོང་རང་བཞིན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། སློབ་སྦྱོང་གི་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་སློབ་སྦྱོང་གི་ཁྱབ་ཁོངས་རྒྱ་བསྐྱེད་དེ་གཅིག་ནས་ཆབ་སྲིད་རིགས་གཞུང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། གཉིས་ནས་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་ནན་ཏན་སློབ་སྦྱོང་བྱེད་དགོས་ལ། གསུམ་ནས་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། ཚན་རྩལ། སྐྱེ་ཁམས། ཕྱི་འབྲེལ་སོགས་ཕྱོགས་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱེད་པ་དང་། རིགས་གཞུང་དོན་དངོས་དང་འབྲེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་སྲོལ་བཟང་བོ་སྐྱེད་སྲིང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག