མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་སྟེ་སི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་འཚེའི་ས་ཁུལ་གྱི་རྒུད་སྐྱོབ་མྱུར་སྐྱོབ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཟླ4བའི་ཚེས21ཉིན་བརྡ་ཐོ་བཏང་སྟེ། དུས་ཐོག་དང་ཚན་རིག་དང་མཐུན་པ་དང་། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་སི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་འཚེའི་ས་ཁུལ་གྱི་རྒུད་སྐྱོབ་མྱུར་སྐྱོབ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ་བཅས་ཀྱིས་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་མ་བཀོད་པའི་སྔོན་ལ་རང་འགུལ་སྒོས་བྱ་བའི་ཚན་ཁག་བཀོད་སྒྲིག་བྱེད་མི་ཆོག་པ་དང་ལས་བྱེད་མི་སྣ་གནོད་ཐེབས་ས་ཁུལ་དུ་སོང་མི་ཆོག སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཞལ་འདེབས་སུ་ཕུལ་བའི་སྒོར་མོ་དང་དངོས་རྫས་དེ་དག་དམངས་སྲིད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་རྩ་འཛུགས་ཡོད་པའི་སྒོ་ནས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་སྐྱེལ་དགོས། མྱུར་སྐྱོབ་པ་མིན་པའི་མི་སྣ་དང་དང་བླངས་མཁན། གནས་སྐོར་བ་སོགས་ལས་རིགས་སོ་སོའི་མང་ཚོགས་ཉེ་བའི་དུས་སྐབས་ཤིག་ལ་རང་འགུལ་སྒོས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་དུ་མི་འགྲོ་བར་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་བྱ་བར་རོགས་སྐྱོར་བྱེད་དགོས། ཟི་ཁྲོན་ཞིང་ཆེན་གྱི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཕྱོགས་སོ་སོའི་རྒུད་སྐྱོབ་སྟོབས་ཤུགས་ལ་གཅིག་གྱུར་སྒོས་མཐུན་སྦྱོར་བྱེད་པ་དང་། ཕན་འབྲས་ཡོད་པའི་བྱ་བའི་ནང་རྐྱེན་བཙུགས་ནས་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག