མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས22ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཕུའུ་ཅིན་གྱིས་ཨུ་རུ་སི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་ཟི་ཁྲོན་ལུའུ་ཧྲན་དུ་ས་འགུལ་དྲག་པོ་བརྒྱུགས་པར་འཚམས་འདྲི་ཞུས། ཁོང་གིས་བཤད་རྒྱུར། ཨུ་རུ་སིའི་མི་དམངས་ནམ་ཡིན་ཡང་ཀྲུང་གོའི་མི་དམངས་དང་མཉམ་དུ་གནས་ཡོད་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་ཁག་སྣ་ཚོགས་ཁྱད་བསལ་བྱས་ནས་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕུའུ་ཅིན་གྱིས་ཟི་ཁྲོན་ལུའུ་ཧྲན་ལ་ས་འགུལ་བརྒྱུགས་པའི་ཉིན་དེར་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་ད་ལྟ་ཡང་ཁ་པར་བཏང་ནས་འཚམས་འདྲི་ཞུས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ང་ཚོས་ཕྱོགས་ཡོངས་དང་གོ་རིམ་ཡོད་པའི་སྒོ་ནས་གནོད་སེལ་རྒུད་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ན། གནོད་འཚེ་ལས་ཅིས་ཀྱང་རྣམ་པར་རྒྱལ་ཞིང་ཁྱིམ་གཞི་བསྐྱར་འཛུགས་བྱེད་ཐུབ་པར་མ་ཟད། ས་འགུལ་གྱི་གནོད་འཚེ་ཐེབས་པའི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་ཕྱོགས་གཉིས་བར་གྱི་འབྲེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག