མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སི་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་ཏང་གི་འགྲོ་གྲོན་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གིས་གནོད་ཐེབས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་མི་ལ་ཐུགས་ཁུར་གནང་བ་མཚོན་པར་བྱེད་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྤྱི་ཟླ4བའི་ཚེས21ཉིན་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་ས་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་སྒོར་ས་ཡ3བྱིན་ནས། ས་འགུལ་གནོད་སེལ་རྒུད་སྐྱོབ་ལ་རྒྱབ་སྐྱོར་དང་གནོད་ཐེབས་ཏང་ཡོན་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཕྱོགས་སུ་བཀོལ་དུ་བཅུག དེ་དང་མཉམ་དུ། གནོད་ཐེབས་ས་ཁུལ་གྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་སྔོན་ཐོན་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག