མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆིན་ཧྭ་སློབ་གྲྭ་ཆེན་མོའི་མཁས་པ་སུའུ་ཧྲི་མེན་ལས་གཞི་སྒྲུབ་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས་པ་དང་། ཞི་ཅིན་ཕེན་དང་ཨོ་པ་མཱ་ཡིས་སོ་སོར་རྟེན་འབྲེལ་ཞུ་ཡིག་བསྐུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆིན་ཧྭ་སློབ་གྲྭ་ཆེན་མོའི་མཁས་པ་སུའུ་ཧྲི་མེན་ལས་གཞི་སྒྲུབ་མགོ་རྩོམ་པའི་མཛད་སྒོ་དེ་སྤྱི་ཟླ4བའི་ཚེས21ཉིན་པེ་ཅིན་ནས་སྤེལ། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ཡིས་སོ་སོར་རྟེན་འབྲེལ་ཞུ་ཡིག་བསྐུར།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་ཡིག་ལས་ལས་གཞི་སྒྲུབ་མགོ་ཚུགས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཁོང་གིས་སློབ་གསོ་ནི་མིའི་རིགས་ཀྱི་ད་ལྟ་དང་འབྱུང་འགྱུར་འཕེལ་རྒྱས་ལ་རག་ལས་པའི་དོན་ཆེན་ཞིག་ཡིན་པས། མིའི་རིགས་སྤྱི་ཚོགས་ཀྱིས་སློབ་གསོ་བརྒྱུད་དེ་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་སྐྱེད་སྲིང་བ་དང་། སློབ་གསོར་བརྟེན་ནས་ཤེས་བྱ་ཁྱབ་སྤེལ་བྱེད་པ། ཤེས་བྱ་རྙིང་བ་གསར་སྒྱུར། ཤེས་བྱ་གསར་བ་སྔོག་འདོན་དང་། ལྐོག་གྱུར་གྱི་ཤེས་བྱ་འཚོལ་ཞིབ་བྱས་ཏེ། མི་རྣམས་ཀྱིས་འཛམ་གླིང་སྔར་ལས་ངོས་འཛིན་དང་སྒྱུར་བཀོད་བྱེད་པ་དང་། མིའི་རིགས་ཀྱི་ལྟ་ན་སྡུག་པའི་འབྱུང་འགྱུར་གསར་སྐྲུན་བྱེད་དགོས་ཞེས་བསྟན་པར་མ་ཟད། ད་ལྟའི་འཛམ་གླིང་ནི་རྒྱལ་ཁབ་ཁག་ཐུན་མོང་གིས་གྲུབ་པའི་ལས་དབང་འདྲ་མཚུངས་ཀྱི་ཕུང་བོ་ཞིག་ཡིན་ལ། མིའི་རིགས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས་ན། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་བརྩོན་པ་ལ་བརྟེན་དགོས་པ་ནན་གྱིས་བསྟན། ཨོ་པ་མཱ་ཡིས་རྟེན་འབྲེལ་ཞུ་ཡིག་ལས། སློབ་གསོའི་བརྗེ་རེས་ལས་སློབ་མའི་གཤིས་ཀ་བཟང་བོ་སྐྱེད་སྲིང་དང་། རྒྱལ་ཁབ་བར་རྒྱུས་ལོན་ཟབ་མོ་དང་ཕན་ཚུན་བརྩི་འཇོག་བྱེད་པར་ནུས་པ་ཆེན་པོ་ཐོན་གྱིན་ཡོད། ད་ལྟའི་རྙོང་འཛིང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཁོར་ཡུག་གི་ཁྲོད་དུ། ང་ཚོའི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཁ་གཏད་འཇལ་ན་རྒྱལ་ཁབ་བར་དང་མི་དམངས་བར་གྱི་མཉམ་ལས་ལ་ཤུགས་བསྣོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག