མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ལུའུ་ཧྲན་རྫོང་དུ་མགོ་མཛིན་མཛད་དེ་གནོད་སེལ་རྒུད་སྐྱོབ་བྱ་བའི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ4བའི་ཚེས21ཉིན་གྱི་དགོང་མོར་ལུའུ་ཧྲན་རྫོང་དུ་གནས་སྐབས་སུ་ཕུབ་པའི་སྦྲ་གུར་ནང་དུ་མགོ་མཛིན་མཛད་དེ་གནོད་སེལ་རྒུད་སྐྱོབ་བྱ་བའི་གྲོས་ཚོགས་བསྡུས་ནས། རྒུབ་སྐྱོབ་གནས་བབ་ལ་ཞིབ་འཇུག་བྱས་པར་མ་ཟད། གོ་རིམ་རྗེས་མའི་རྒུབ་སྐྱོབ་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཟི་ཁྲོན་ཞིང་ཆེན་དང་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། དེ་མིན་རྒྱལ་ཁབ་ས་འགུལ་རྟོག་དཔྱོད་ཅུའུ་དང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། དམངས་སྲིད་པུའུ། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། འགྲིམ་འགྲུལ་པུའུ། ནོར་སྲིད་པུའུ་སོགས་ལས་ཁུངས་ཀྱིས་ས་འགུལ་གྱི་གནས་ཚུལ་གསར་བ་དང་ཕྱོགས་སོ་སོས་རྒུད་སྐྱོབ་བྱེད་པའི་གནས་ཚུལ་སོགས་ཡར་ཞུ་བྱས་པ་དང་། ལིས་ཁི་ཆང་གིས་ཕྱོགས་སོ་སོས་གནོད་སེལ་རྒུད་སྐྱོབ་བྱས་པའི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་མཉམ་དུ་ཚང་མས་བཏོན་པའི་གནད་དོན་དང་གྲོས་གཞི་ལ་དམིགས་ནས་ཐུགས་རེ་དྲུག་བཏོན། གཅིག དེང་སྐབས་ཟི་ཁྲོན་ཞིང་ཆེན་གྱི་བྱ་བ་གཙོ་བོ་ནི་གནོད་སེལ་རྒུད་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ཚེ་སྲོག་ལ་རིན་ཐང་ལྡན་པས་མི་སྐྱོབ་རྒྱུ་ནི་ལས་འགན་དང་པོ་ཡིན། གཉིས། སྐྱེལ་འདྲེན་ཤར་གཏོང་བྱེད་ཐུབ་པ་ཁག་ཐེག་བྱེད་དགོས། གསུམ། རྒུད་སྐྱོབ་དངོས་རྫས་དང་མ་དངུལ་མཁོ་སྤྲོད་བྱ་བ་འགན་སྲུང་བྱེད་དགོས། བཞི། ཡར་བསྐྱར་གནོད་འཚེ་ཐེབས་ནས་མི་སྣ་ཤི་རྨས་འབྱུང་བ་གཏན་འགོག་བྱེད་དགོས། ལྔ། ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་ཚན་རིག་དང་མཐུར་པར་རྒུད་སྐྱོབ་བྱ་བ་བསྒྲུབ་དགོས། དྲུག གཅིག་གྱུར་ནུས་ལྡན་གྱི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་ནང་རྐྱེན་འཛུགས་དགོས་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག