མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་གྲོང་གསེབ་རིག་གནས་འཛུགས་སྐྱོང་གི་ཐད་ཆེད་དོན་མ་དངུལ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-21 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་ཀྱི་རིག་གནས་བྱ་བཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཆེད། ཀྲུང་དབྱང་ནོར་སྲིད་ནས་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་ཆེད་དོན་མ་དངུལ་བཏང་ཡོད་པ་དང་། སླད་ཕྱིན་གྲོང་གསེབ་ཀྱི་རིག་གནས་སྒྲིག་བཀོད་སྲུང་སྐྱོབ་བྱེད་པ་དང་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་སོགས་ཀྱི་གཏོང་སྒོ་གྲོང་ཚོ་རེར་ལོ་རེའི་གཞི་རྩའི་ཁ་གསབ་ཚད་གཞི་སྒོར་ཁྲི1ཡིན་པ་རེད། བྱ་ཐབས་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཤར་རྒྱུད་ས་ཁུལ་དང་དབུས་རྒྱུད་ས་ཁུལ། ནུབ་རྒྱུད་ས་ཁུལ་བཅས་སུ་ཁག་སོ་སོར་གཞི་རྩའི་ཁ་གསབ་ཚད་གཞིའི20%དང་། 50%། 80%ལྟར་ཁ་གསབ་མ་དངུལ་བཀོད་སྒྲིག་དང་། ཆ་ཤས་གཞན་དེ་དག་ས་གནས་ཀྱིས་གཅིག་གྱུར་འཆར་འགོད་བཀོད་སྒྲིག་བྱེད་དགོས། ས་གནས་ཀྱིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་། མཁོ་བའི་འགྲོ་གྲོན་ས་གནས་རང་ཉིད་ནས་འགན་འཁུར་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག