མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གྱེན་འཕུར་གནམ་གྲུར་བཞུགས་ནས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་ཕེབས་ཏེ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་གཟིགས་པ་དང་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-21 11:19

01.jpg

  སྤྱི་ཟླ4བའི་ཚེས20ཡི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སི་ཁྲོན་ལུའུ་ཧྲན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་འབྱོར་ཏེ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་གཟིགས་པ་དང་། ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་མཛད། འདི་ནི་ལིས་ཁི་ཆང་གིས་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་ཧྲོང་ཧྲི་གྲོང་བརྡལ་གྱི་གནས་ཚུལ་ལ་གཟིགས་པའི་ཚུལ་རེད།  

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས20ཡི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སི་ཁྲོན་གཡང་རྔ་གྲོང་ཁྱེར་གྱི་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་ས་འགུལ་བྱུང་སར་ཕེབས། ཁོང་སྨན་ཁང་དང་ཁང་བའི་བཤིག་རོ། སྦྲ་གུར་བཅས་སུ་ཕེབས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པ་དང་། རྨས་མ་དང་གནོད་ཐེབས་མང་ཚོགས་ལ་སྙིང་ཐག་པ་ནས་ཁམས་འདྲི་བྱས་བར་མ་ཟད། ཡུལ་དངོས་ནས་གནོད་སེལ་བྱ་བར་མཛུབ་སྟོན་བྱས།

  ས་འགུལ་བྱུང་སའི་ལུའུ་ཧྲན་རྫོང་གི་གཞུང་ལམ་མང་པོ་བརླག་པ་དང་། ས་ཁུལ་མང་པོའི་འཕྲིན་ལམ་ཆད་ཡོད། ལིས་ཁི་ཆང་བཞུགས་པའི་གནམ་གྲུ་དེ་སི་ཁྲོན་ཆུང་ལེ་གནམ་གྲུ་ཐང་དུ་བབས་རྗེས། ལིས་ཁི་ཆང་དེ་མ་ཐག་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་གྱེན་འཕུར་གནམ་གྲུར་བསྡད་དེ་ས་འགུལ་གྱི་གནོད་ཐེབས་ས་ཁུལ་དུ་ཕེབས།

  ལིས་ཁི་ཆང་ཐོག་མར་ལུའུ་ཧྲན་རྫོང་སྨན་ཁང་དུ་ཕེབས་ཏེ། དེ་རུ་གསོ་བཅོས་བྱེད་བཞིན་པའི་རྨས་མར་སྐོར་བརྒྱབ་པ་དང་། རྨས་མ་རྣམས་ཀྱི་ཁྱིམ་མིའི་གནས་ཚུལ་ཞིབ་མོར་དྲིས། ལིས་ཁི་ཆང་གིས་ཁོ་དང་ལྷན་དུ་ཡོད་པའི་ས་གནས་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་ལ་སྨན་པ་རྣམས་དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་ལ་ཕྱིན་ནས་རྨས་མར་གསོ་བཅོས་བྱེད་ཀྱིན་ཡོད་པས། ཁོ་ཚོའི་མཁོ་སྒྲུབ་འགན་སྲུང་དང་སྨན་བཅོས་དངོས་རྫས་མཁོ་འདོན་བྱ་བ་ཅིས་ཀྱང་ལེགས་པོར་སྒྲུབ་དགོས་ཞེས་གསུངས།

  དེའི་རྗེས་སུ་ལིས་ཁི་ཆང་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ཧྲོང་ཧྲི་གྲོང་བརྡལ་དང་ལུང་མུན་ཞང་ལ་ཕེབས་ཏེ་གནོད་སེལ་རྒུད་སྐྱོབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ད་ལྟའི་ལས་འགན་གཙོ་བོ་ནི་སྲོག་སྐྱོབ་རྒྱུ་དེ་ཡིན་པས། དུས་ཚོད་དམ་འཛིན་གྱིས་བཤིག་རོའི་འོག་མནན་པའི་རྨས་མ་སྐྱོབ་ཅི་ཐུབ་བྱེད་དགོས་ཞེས་གསུངས།

  ལིས་ཁི་ཆང་གིས་ལུང་མིན་ཞང་སྲིད་གཞུང་གི་མདུན་ནས་ཡུལ་དངོས་ཚོགས་འདུ་བསྡུས་ཏེ། ས་དེའི་ལས་བྱེད་པའི་ཡར་ཞུ་ལ་ཉན། ཁོང་གིས་དོན་དག་ཆེས་གཙོ་བོ་ནི་དོ་དགུང་སྦྲ་གུར་དུ་འདུག་ཐུབ་པར་ཁག་ཐེག་བྱེད་རྒྱུ་དང་། དེ་དང་མཉམ་དུ་ས་འགུལ་ཆུང་བ་ཡང་བསྐྱར་འབྱུང་བར་གཟབ་གཟབ་བྱེད་དགོས་ཞེས་གསུངས་བར་མ་ཟད། སི་ཁྲོན་ལ་ས་འགུལ་ཆེན་པོའི་གནོད་འཚེ་སེལ་བའི་ཉམས་མྱོང་དང་། ཞུམ་པ་མེད་པའི་སྲོལ་རྒྱུན་ཡོད་པས། ཏང་དང་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོབ་ཆེན་པོའི་འོག་ཏུ། སི་ཁྲོན་མི་དམངས་ནི་གནོད་འཚེ་ལས་ཕམ་མི་སྲིད་ཅེས་གསུངས། ཝང་དབྱང་དང་དབྱང་ཅིན་གཉིས་ཀྱིས་ལིས་ཁི་ཆང་དང་ལྷན་དུ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།
 

02.jpg

  འདི་ནི་ལིས་ཁི་ཆང་གིས་ལུའུ་ཧྲན་རྫོང་སྨན་ཁང་ནས་སྨན་བཅོས་མི་སྣར་རྨས་ཕོག་པའི་མང་ཚོགས་གསོ་བཅོས་བྱེད་པའི་གནས་ཚུལ་འདྲི་བཞིན་པའི་ཚུལ་རེད།

03.jpg

  འདི་ནི་ལིས་ཁི་ཆང་གིས་ལུའུ་ཧྲན་རྫོང་སློབ་འབྲིང་ཏུ་བཀོད་སྒྲིག་བྱས་ཡོད་པའི་གནོད་ཐེབས་མང་ཚོགས་ལ་སྐོར་རྒྱག་པའི་ཚུལ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག