མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ནའོ་ལོ་ཏུན-ཨ་ལོང་-ལ་སི་མའེ་ཚོགས་གཙོ་ཡིན་པའི་ཁམ་པོ་རྫ་ཧྥུན་ཞིན་པིས་ཁི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-19 10:37

999.jpg

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ4བའི་ཚེས17ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ནའོ་ལོ་ཏུན-ཨ་ལོང-ལ་སི་མའེ་ཚོགས་གཙོ་ཡིན་པའི་ཁམ་པོ་རྫ་ཧྥུན་ཞིན་པིས་ཁི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

8888.jpg

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ4བའི་ཚེས17ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ནའོ་ལོ་ཏུན-ཨ་ལོང་-ལ་སི་མའེ་ཚོགས་གཙོ་ཡིན་པའི་ཁམ་པོ་རྫ་ཧྥུན་ཞིན་པིས་ཁི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ4བའི་ཚེས17ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ནའོ་ལོ་ཏུན-ཨ་ལོང་-ལ་སི་མའེ་ཚོགས་གཙོ་ཡིན་པའི་ཁམ་པོ་རྫ་ཧྥུན་ཞིན་པིས་ཁི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། ཀྲུང་གོ་གུང་ཁྲན་ཏན་དང་ཧྥིན་ཞིན་པིས་ཁི་ཏང་བར་དུ་ཡུན་རིང་གི་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་བྱ་བས་ཀྲུང་གོ་དང་ཁམ་པོ་རྫའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་ཧྥུན་ཞིན་པིས་ཁི་ཏང་དང་མཉམ་དུ་ཕྱོགས་ཡོངས་ནས་བརྗེ་རེས་མཉམ་ལས་བྱ་བར་ཤུགས་སྣོན་རྒྱུ་ཡིན་ཟེར།

  ཡུས་ཀྲིན་ཧྲིན་གྱིས་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཁམ་པོ་རྫ་བར་གྱི་འབྲེལ་བ་རྒྱུན་སྲིང་ངང་མདུན་དུ་བསྐྱོད་པ་དང་། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞིས་ཅིན་ཕིན་གྱིས་པའོ་ཨོ་ནས་དབུ་བཞུགས་བློན་ཆེན་ཧོང་སུན་དང་ཕན་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཁམ་པོ་རྫ་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བར་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་པོ་རྫ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པ་དང་ཀྲུང་གོ་དང་ཁམ་པོ་རྫའི་མཛའ་མཐུན་ལོ་བཙུགས་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཁམ་པོ་རྫ་བར་གྱི་འབྲེལ་བ་རིམ་པ་གསར་བ་ཞིག་ཏུ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

  ཨ་ལོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་མཛའ་མཐུན་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། ཁམ་པོ་རྫ་དང་ཀྲུང་གོའི་མཛའ་མཐུན་ལས་དོན་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག