མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྐབས་གསར་བའི་སྲིད་གཞུང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འགན་འཁུར་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-15 11:07

124578909_41n.jpg

  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྐབས་གསར་བའི་སྲིད་གཞུང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འགན་འཁུར་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་བསྡུས།

124578909_51n.jpg

  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྐབས་གསར་བའི་སྲིད་གཞུང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འགན་འཁུར་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་མགོ་འཛིན་མཛད་དེ་སྐབས་གསར་བའི་སྲིད་གཞུང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འགན་འཁུར་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་བསྡུས།

  ཚོགས་ཐོག་ཏུ་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པས་དེང་སྐབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དང་དངུལ་ལོར་སོགས་ཀྱི་འཁོར་རྒྱུག་གནས་ཚུལ་ཐད་ནས་རང་རང་གི་ལྟ་ཚུལ་བཤད་པ་དང་། ཁྱིམ་བཀོལ་གློག་ཆས་དང་འཁེལ་འཐག ནུས་ཁུངས། འཕྲུལ་ཆས་གསར་བཟོ་སོགས་ཁེ་ལས་ཀྱི་འགན་འཁུར་པས་དེང་སྐབས་ཀྱི་ཚོང་རའི་འགྱུར་ལྡོག་དང་ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་སྐོར་གླེང་། ལིས་ཁི་ཆང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས། ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་ཉེན་ཁ་འགོག་སྲུང་བྱེད་པ། དེ་མིན་དེང་སྐབས་དང་ཡུན་རིང་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་མཛད།

  ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དེ་ཕྱོགས་སོ་སོའི་བརྟན་འཇགས་ལ་ཕན་པ་ཡོད་མོད། འོན་ཀྱང་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་ཁྲོད་དུ་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཅུང་མང་བ་དང་། རིམ་པ་སོ་སོའི་འགལ་བ་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གནས་བབ་དེ་བས་ཀྱང་རྙོག་འཛིང་ཡིན་པས། དཔལ་འབྱོར་གྱི་འཕེལ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་སྣེ་མང་རྙོང་འཛིང་ཁྲོད་དུ་ཆོས་ཉིད་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་འཚོལ་ཞིབ་བྱེད་པ་དེ་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་འབྲེལ་བ་ཆེན་པོ་ཡོད་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བརྟེན་ནས་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རིམ་པ་སོ་སོའི་འགལ་བ་དང་རྩོད་གཞི་ལ་དམིགས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ཚེ། འགལ་བ་སྣ་ཚོགས་རྩ་བ་ནས་ཐག་གཅོད་བྱེད་ཐུབ་ལ། ཡུན་རིང་ཞིང་ཕན་ནུས་ལྡན་པའི་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བའི་ལམ་ལུགས་ཆགས་པར་ཡིད་འཇོག་བྱས་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་ཡང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་ཡང་ཅིན་དང་ཝང་ཡུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག