མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་གཡུལ་ལས་རྣམ་པར་ནུས་པ། སྤྱོད་ཚུལ་ལེགས་པའི་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དམག་དཔུང་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:17

~WRL0005.tmp

  སྤྱི་ཟླ1པོའི་ཚེས29ཉིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་རྒྱ་ལོའི་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དྲག་ཆས་ཉེན་རྟོག་དཔུང་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་ཁམས་འདྲི་གནང་། འདི་ནི་ཞི་ཅིན་ཕེན་དྲག་ཆས་ཉེན་རྟོག་པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་བཅུ་གསུམ་ནས་དམག་མི་གསར་བར་དམག་སྦྱོང་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་མཛད་པའི་ཚུལ་རེད། 
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་རྒྱ་ལོའི་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་དྲག་ཆས་ཉེན་རྟོག་དཔུང་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་ཁམས་འདྲི་གནང་། ཁོང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་འོས་འགན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་དང་། གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་སྒོ་ཀུན་ནས་ཤུགས་སྣོན་དང་། འགན་འཁྲི་དང་ལས་འགན་བསྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ལས་རེས་དང་དོན་རྐྱེན་བློ་བུར་བ་ཕྱིར་བཟློག་པ་སྙིང་བོ་ཡིན་པའི་ལས་འགན་སྣ་ཚོགས་ཁག་ཐེག་བྱེད་པ་དང་། དམག་དཔུང་གི་ཚད་མཐོན་པའི་གཅིག་བསྡུས་གཅིག་གྱུར་དང་བདེ་འཇགས་བརྟན་འཇགས་ཁག་ཐེག་བྱེད་པ་དང་། ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྣམ་པར་རྒྱལ་ནུས་པ། སྤྱོད་ཚུལ་ལེགས་པའི་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དམག་དཔུང་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཉིན་དེའི་སྔ་དྲོར། ཞི་ཅིན་ཕེན་གྲང་ངར་ལ་མ་འཛེམ་པར་དྲག་ཆས་ཉེན་རྟོག་པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་བཅུ་གསུམ་པར་ཕེབས་ཏེ། དམག་སྦྱོང་དང་དམག་དཔུང་གི་སྒྲིག་ཆས་ལ་གཟིགས་པ་དང་། དམག་མི་གསར་བའི་དམག་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། དྲག་ཆས་ཉེན་རྟོག་པེ་ཅིན་གྲོང་ཁྱེར་དམག་འཐབ་མཁོ་དོན་ལས་རེས་ཁང་དུ། ཞི་ཅིན་ཕེན་གྱིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་དར་སྲུང་དམག་ལ་བརྙན་འཕྲིན་ཁ་པར་གྱི་ལམ་ནས། ཚང་མས་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་དར་གྱི་གཟི་ཉམས་སྲུང་སྐྱོབ་དང་། རྒྱལ་ཁབ་གྱི་སྣང་བརྙན་སྲུང་བྱས་ཏེ། ཏང་དང་མི་དམངས་ལ་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་པའི་ཞལ་ཏ་གནང་། ཕྱི་དྲོར། ཞི་ཅིན་ཕེན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་ལས་ཁུངས་སུ་ཕེབས་ཏེ། མདའ་ཤོག་ཡན་གྱི་ལས་བྱེད་པར་མཇལ་འཕྲད་གནང་བ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་ལོ་རྒྱུས་རྟེན་མཛོད་ཁང་ལ་གཟིགས་སྐོར་གནང་། ཁོང་གིས་ད་དུང་དམག་འཐབ་མཁོ་དོན་དྲ་བའི་ལྟ་ཞིབ་མ་ལག་བརྒྱུད་དེ། མཚོ་བོད་ལྕགས་ལམ་གྱི་མི་མེད་ས་སྟོང་དང་། ཧྥུའུ་ཅན་ཉིན་ཏི་ཉིང་རྡུལ་གློག་འདོན་ས་ཚིགས་སོགས་ལས་རེས་བྱེད་སར་གཟིགས་པ་དང་། བརྙན་གཟུགས་མ་ལག་བརྒྱུད་དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་ན་ལས་འགན་བསྒྲུབ་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་ཁམས་འདྲི་བྱས་པ་དང་། ཚང་མས་ཆབ་སྲིད་འདུ་ཤེས་དང་ཆེ་ཕྱོགས་བསམ་པའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱ་བ་ལེགས་པོར་བསྒྲུབ་ནས། ས་གནས་ཀྱི་དར་རྒྱས་དང་ཡུན་རིང་བདེ་འཇགས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་གནང་།

  ཞི་ཅིན་ཕེན་གྱིས་སོ་སོར་དྲག་ཆས་ཉེན་རྟོག་དམག་དཔུང་དང་དྲག་ཆས་ཉེན་རྟོག་པེ་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། གསུང་བཤད་གལ་ཆེན་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག