མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཀའ་ཁྱབ་སྟེང་མིང་བཀོད་དེ་ལས་ཁུངས6དང་མི24ལ་བྱས་རྗེས་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་བཀའ་ཁྱབ་སྟེང་མིང་བཀོད་དེ། ལས་ཁུངས6དང་མི24ལ་བྱས་རྗེས་བཀོད།

ལས་ཁུངས་འཛུགས་སྐྲུན་བྱེད་སྐབས་བླངས་པའི་གྲུབ་འབྲས་འབུར་ཐོན་དང་ལས་འགན་ཡོངས་འགྲུབ་བྱེད་པའི་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་སྤྱིའི་ཇུས་འདོན་པུའུ་ཡི་ཞིབ་འཇུག་ཁང་ཞིག་དང་། 63698དམག་དཔུང་། 63752དམག་དཔུང་། མཚོ་དམག་གི་ཞུའུ་ཀྲིག་མཚོ་གྲུ་དང་། 96165དམག་དཔུང་།78511དམག་དཔུང་བཅས་ལ་བྱས་རྗེས་རིམ་པ་དང་པོ་བཀོད།

རང་གི་ལས་གནས་སྟེང་དུ་བྱས་རྗེས་འབུར་ཐོན་དང་ལས་འགན་ཡོངས་འགྲུབ་བྱེད་སྐབས་བྱས་རྗེས་འབུར་ཐོན་བཞག་པའི 63620དམག་དཔུང་གི་མཐོ་རིམ་བཟོ་སྐྲུན་པ་ལིས་གོ་ཧྲོན་དང་། 63920དམག་དཔུང་གི་སྤྱིའི་བཟོ་སྐྲུན་པ་ཐུང་པེན། 93936དམག་དཔུང་གི་མགོ་བ་གཞོན་པ་ཀྲང་ཅན་ཞི་སོགས་ལ་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། སྤྱིའི་ཆབ་སྲིད་པུའུ་ཡི་གཏམ་བརྗོད་ཟློས་གར་ཚོགས་པའི་རིམ་པ་དང་པོའི་ཟློས་གར་རྩོམ་མཁན་མིན་པེན་དང་། བཅིངས་འགྲོལ་དམག་སྤྱིའི་སྨན་ཁང་གི་ཀྲུའུ་རིན་སྨན་པ་ཧྥན་ལིས་སོགས་ལ་བྱས་རྗེས་རིམ་པ་གཉིས་པ་བཀོད། བཅིངས་འགྲོལ་དམག་སྤྱིའི་སྨན་ཁང་གི་ཀྲུའུ་རིན་སྨན་པ་ཡུས་སིན་དབྱང་དང་།ཚུང་ཡུས་ལོང་སོགས་ལ་བྱས་རྗེས་རིམ་པ་གསུམ་པ་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག