མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོན་ཆུང་ཅི་ཐུབ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་ཐུགས་རེ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་མཆན་བཀོད་མཛུབ་སྟོན་གནང་སྟེ། གྲོན་ཆུང་ཅི་ཐུབ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་ཐུགས་རེ་བཏོན། མཆན་བཀོད་མཛུབ་སྟོན་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཟས་རིགས་ཆུད་ཟོས་སུ་གཏོང་བ་སོགས་གྱི་ཆུད་ཟོས་རིགས་སྣ་ཚོགས་ཀྱི་བྱ་སྤྱོད་དང་སྒོས་སུ་གཞུང་དངུལ་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་བསམ་འཆར་ཧ་ཅང་ཆེ། རང་རྒྱལ་དུ་ད་དུང་དཀའ་ཁག་ཆེ་བའི་མང་ཚོགས་མང་པོ་ཡོད་པ་བསམ་ན། ཆུད་ཟོས་རིགས་སྣ་ཚོགས་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་ནི་ཧ་ཅང་ཡིད་སྐྱོ་བ་བ་ཞིག་རེད། ཆུད་ཟོས་སུ་གཏོང་བའི་སྤྱོད་ངན་དེ་ཅིས་ཀྱང་གཏན་འགོག་བྱེད་དགོས་ཏེ། དྲིལ་སྒྲིག་དང་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་བརྩོན་བསྲིས་གྲོན་ཆུང་གི་སྲོལ་བཟང་དར་སྤེལ་ཆེན་པོ་དང་། གྲོན་ཆུང་བྱས་ན་གཟི་བརྗིད་དང་ཆུ་ཟོས་སུ་བཏང་ན་ངོ་ཚ་ཡིན་པའི་བསམ་བློའི་འདུ་ཤེས་དྲིལ་སྒྲོག་ཆེན་པོ་བྱས་ཏེ། གྲོན་ཆུང་བྱེད་ཅི་ཐུབ་དང་། ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་བཟང་དེ་སྤྱི་ཚོགས་ཡོངས་སུ་དར་བར་འབད་བརྩོན་བྱེད་དགོས། རིམ་པ་ཁག་གི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་། ལས་དོན་ལས་ཁུངས། མི་དམངས་ཚོགས་པ་སོ་སོ། རྒྱལ་དབང་ཁེ་ལས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་གཞུང་དོན་སྣེ་ལེན་ལམ་ལུགས་ལག་བསྟན་ནན་མོ་དང་། གྲོན་ཆུང་གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ནན་མོ་བྱས་ཏེ། གཞུང་དངུལ་ཆུད་ཟོས་སུ་གཏོང་བའི་གནས་ཚུལ་གཏན་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་དེའི་ཐད་ལ་བརྡ་ཐོ་བཏང་ནས། བློ་མཐུན་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་སྤྱོད་ཚུལ་ལེགས་སྒྱུར་དང་། མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པའི་གཏན་ཁེལ་བརྒྱད་སྐོར་གྱི་རེ་བ་གསར་བ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་འབོད་དང་མོས་འདུན་མཚོན་ཡོད་པ་དང་། ཀྲུང་དབྱང་གི་བརྩོན་བསྲིས་གྲོན་ཆུང་བྱེད་པ་དང་རྒྱས་བཟའ་རྒྱས་འཐུང་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་གསལ་བོ་དང་ཆོད་སེམས་བརྟན་པོ་མཚོན་པ་དང་། ཀྲུང་དབྱང་གི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་དང་དམངས་འཚོ་ལེགས་བཅོས་བྱེད་པའི་བརྩེ་བ་མཚོན་ཡོད་པས། ས་གནས་ཁག་དང་སྡེ་ཁག་སོ་སོས་ཆུད་ཟོས་སུ་གཏོང་བའི་སྤྱོད་ངན་གཏན་འགོག་བྱེད་པའི་དགོས་གལ་རང་བཞིན་ངོས་འཛིན་གང་ལེགས་བྱེད་པ་དང་། དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་བློ་མཐུན་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག