མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝུའུ་པང་གོ་ཡིས་ཧན་གོ་དང་མ་ལེ་ཞི་ཡ། ལའོ་ཝའོ་བཅས་ཀྱི་རྒྱལ་ཚོགས་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:17

777.jpg

  སྤྱི་ཟླ1པོའི་ཚེས28ཉིན། ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ན་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཅང་ཁྲང་ཞི་ལ་མཇལ་འཕྲད་གནང་།

888.jpg
 

  སྤྱི་ཟླ1པོའི་ཚེས29ཉིན། ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ན་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་མ་ལེ་ཞི་ཡའི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཀྲ་ཧ་ཨར་ལ་མཇལ་འཕྲད་གནང་།

 999.jpg

  སྤྱི་ཟླ1པོའི་ཚེས29ཉིན། ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ན་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉིས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ན་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་སྤྱི་ཟླ1པོའི་ཚེས28དང་ཚེས29ཉིན་གཉིས་ལ་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཅང་ཁྲང་ཞི་དང་མ་ལེ་ཞི་ཡའི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཀྲ་ཧ་ཨར། ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉིས་བཅས་ལ་མཇལ་འཕྲད་གནང་།

  ཅང་ཁྲང་ཞིས་ལ་མཇལ་འཕྲད་གནང་སྐབས་ཝུའུ་པང་གོ་ཡིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཧན་གོའི་རྒྱལ་ཚོགས་གཉིས་བར་དུ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཆགས་ཡོད་ལ། ཕྱོགས་གཉིས་ཀྱིས་མགོ་ཁྲིད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་སོགས་རིམ་པ་སོ་སོའི་བར་གྱི་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་དང་། དུས་བཅད་བརྗེ་རེས་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཀྲུང་གོ་དང་ཧན་གོ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

  ཨ་པུའུ་ཀྲ་ཧ་ཨར་ལ་མཇལ་འཕྲད་གནང་སྐབས་ཝུའུ་པང་གོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བས་ཨེ་ཤ་ཡའི་བརྟན་འཇགས་སྲུང་སྐྱོབ་དང་ཨེ་ཤ་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་ཆེན་པོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་ཏུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། མ་ལེ་ཞི་ཡ་ཕྱོགས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་བ་དང་། ས་གནས་རང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

  པ་ཉིས་ལ་མཇལ་འཕྲད་གནང་སྐབས་ཝུའུ་པང་གོ་ཡིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཡུན་རིང་བརྟན་འཇགས་དང་ཁྱིམ་མཚེས་མཛའ་མཐུན་ཡོང་ཞིང་། ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ལའོ་ཝའོ་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག