མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་གི་འཕེལ་ཚུལ་བརྟན་དུ་ཕྱིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་སྤྱི་ཚེས21ཉིན་སྤྱི་ལོ2012ལོའི་དུས་ཚིགས4བའི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གོང་འཕེལ་གྱི་དམིགས་ཚད་ཅེས་པ་སྤེལ་བ་རེད། ན་ནིང་དུས་ཚིགས་བཞི་པར་རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་གོང་འཕེལ་གྱི་ཚད་གཞི་ནི90.8%ཡིན་པ་དང་། དུས་ཚིགས་གོང་མ་གསུམ་ལས་བརྒྱ་ཆའི་གནས3.3འཕར་ནས། དུས་ཚིགས་བརྒྱད་ཀྱི་ནང་ཐེངས་དང་པོར་འཕར་ཡོད་པ་དང་། དེའི་ཐོག་ནས་ཁེ་ལས་འབྲིང་ཆུང་གི་གོང་འཕེལ་དེ་བརྟན་པོར་ཁ་ཕྱོགས་པ་ནས་སྲ་བརྟན་དུ་གྱུར་བ་མཚོན་ཡོད། ཡིན་ནའང་གོང་འཕེལ་མགྱོགས་སུ་གཏོང་བར་ད་དུང་གནོན་ཤུགས་འཕྲད་ཡོད་པ་རེད།

ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལིའི་ཙེ་པིང་གིས། ཁེ་ལས་འབྲིང་ཆུང་ཉམས་ཞན་གྱི་གནས་བབ་ཐོག་གནས་ཡོད་པ་དང་། དཀའ་ངལ་དང་གནད་དོན་མང་པོ་འཕྲད་ཡོད་པས། སེམས་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཁེ་ལས་ཀྱི་གོང་འཕེལ་བརྟན་དུ་འགྲོ་བའི་འགན་སྲུང་ཞིག་རེད། དེའི་ཐད་ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་ནས་རྒྱལ་ཁབ་ནས་ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག