མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་གནས་བབ་གསར་བའི་འོག་ཏང་ཡོན་གོང་འཕེལ་དང་དོ་དམ་ལ་ཤུགས་སྣོན་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ1པོའི་ཚེས28ཉིན་གྲོས་ཚོགས་བསྡུས་ཏེ་གནས་བབ་གསར་བའི་འོག་ཏང་ཡོན་གོང་འཕེལ་དང་དོ་དམ་ལ་ཤུགས་སྣོན་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

 ཚོགས་ཐོག་ནས་བསྟན་དོན། ཏང་ཡོན་ནི་ཏང་གི་ལུས་པོའི་ཕྲ་ཕུང་ལྟ་བུ་དང་ཏང་བྱ་འགུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་ནི་ཏང་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་སྐྲུན་རེད། དུས་ཡུན་རིང་བོར། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གོང་འཕེལ་དང་དོ་དམ་བྱ་བ་ལེགས་པོར་བསྒྲུབས་ཏེ། ཕུལ་བྱུང་སྐོར་ཞིག་ཏང་རྩ་འཛུགས་ཁྲོད་དུ་ཞུགས་ཏེ། ཏང་ལ་ཟུངས་ཁྲག་གསར་བ་བསྣན། རྒྱ་ཆེའི་ཏང་ཡོན་གྱིས་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་དང་། མི་དམངས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཁྲོད་དུ་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྒོས་སུ་ལས་འགན་འགངས་ཆེན་ཡོངས་འགྲུབ་དང་། རང་བྱུང་གནོད་འཚེ་སེལ་བ་སོགས་ཀྱི་བྱ་བའི་ཁྲོད་དུ་གདོང་དུ་མཆོང་བ་དང་། བརྩོན་པ་ཞུམ་མེད། བྱ་བ་ལེགས་སྒྲུབ། སྒེར་སེམས་མེད་པ་དང་གཏོང་ཕོད་ཆེ་བ་བཅས་ལ་བརྟེན་ནས། ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་ཡོངས་སུ་མཚོན་པར་བྱས།

ཚོགས་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གཏིང་ཟབ་ཏུ་འཕེལ་རྒྱས་བཏང་བ་དང་། ཏང་ཡོན་དཔུང་སྡེ་སྔར་ལས་ཇེ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལས་འགན་དེ་བས་དཀའ་ཚེགས་ཆེ་བར་གྱུར། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་དེས། ཏང་ཡོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་གྲོས་བསྡུར་བྱ་གཞི་མང་པོ་བཏོན་པ་དང་འགྲན་རྩོད་གསར་བ་བསླངས་པ་དང་། ཏང་ཡོན་གོང་འཕེལ་དང་དོ་དམ་བྱ་བའི་ཁྲོད་དུ་ད་དུང་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་མི་འཚམ་པའི་གནད་དོན་འགའ་གནས་ཡོད། གནད་དོན་དེ་རིགས་ཀྱིས་མི་དམངས་མང་ཚོགས་ཁྲོད་གྱི་ཏང་གི་མཚན་སྙན་དང་ཡིད་ཆེས་ལ་གནོད་སྐྱེལ་ཏེ། ཏང་གི་གསར་སྐྲུན་ནུས་པ་དང་། གོང་བུར་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཇེ་ཞན་དུ་བཏང་བས། གནད་དོན་དེ་ཅིས་ཀྱང་ངེས་པ་དོན་གྱིས་ཐག་གཅོད་དགོས་ཞེས་བསྟན།

ཚོགས་ཐོན་ནས་ཏང་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན། རྣམ་དག་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བརྗོད་སྙིང་དམ་པོར་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་དང་། ཏང་གིས་ཏང་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས། སྤྱི་གྲངས་ཚོད་འཛིན་དང་། གྲུབ་ཚུལ་ལེགས་སྒྲིག སྤུས་ཚད་ཇེ་ལེགས། ནུས་པ་འདོན་སྤེལ་བྱེད་པའི་སྤྱིའི་རེ་བ་ལྟར། ཕྱོགས་གང་ཅིའི་སྔོན་ཐོན་པ་དང་ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་པོ་ཞིག་རང་རེའི་ཏང་ནང་དུ་བསྡུ་རྒྱུ་དང་། གཞི་ཁྱོན་འོས་འཚམ་ཡིན་ཞིང་། གྲུབ་ཚུལ་ལུགས་དང་མཐུན་པ་དང་། བྱང་ཚད་ལེགས་པ། སྒྲིག་ལམ་དམ་པ་དང་། ནུས་པ་གཟེངས་སུ་ཐོན་པའི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་འབད་བརྩོན་དང་། ཏང་གི་སྲིད་སྐྱོང་བའི་རྩ་འཛུགས་རྨང་གཞི་ཇེ་བརྟན་དུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྱི་རྒྱལ་ཁ་གསར་བ་ལེན་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན། ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག