མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་སྒོར་དུང་ཕྱུར3000བཏང་ནས་རྨང་གཞིའི་སྒྲིག་ཆས་རྣམ་གྲངས330འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་གིས་ད་ལོ་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་གྱི་རྣམ་གྲངས་གལ་ཆེ་རིགས་ལག་བསྟར་མགྱོགས་སུ་གཏོང་ཆེད། བཟོ་ལས་ཅན་གསར་པ་དང་། ཞིང་ལས་དེང་རབས་ཅན། གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ། སྐྱེ་ཁམས་འཛུགས་བསྐྲུན་སོགས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་འཛུགས་བསྐྲུན་རྣམ་གྲངས་330ཐོག་མའི་ཆ་ནས་བཀོད་སྒྲིག་བྱས་པ་དང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར3000གཏོང་རྒྱུ་དང་། དེ་ལོ་གོང་མ་ལས32.7%འཕར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཤིན་ཅང་གིས་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་ལྕགས་ལམ་གྱི་ཆ་ལམ་གཉིས་པ་དང་། ཧ་སྨི་ནས་ཀྲེན་ཀྲོའུ་བར་གྱི་ཆན་ཧྥུ800ཡོད་པའི་ཆེས་མཐོ་གནོན་གྱི་ཐད་རྒྱུགས་གློག་གཏོང་ལས་གཞི་སོགས་འཛུགས་བསྐྲུན་བྱེད་བཞིན་པའི་ལས་གཞིའི་རྣམ་གྲངས170ལ་དམ་འཛིན་བྱ་རྒྱུ་དང་ཆབས་ཅིག ཨར་ཀྲ་ཧྲེ་ཆུ་བེད་མ་ལག་དང་། ཨུ་ལུམ་ཆིའི་གནམ་ཐང་གསར་པ། ཨུ་ལུམ་ཆི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་ཐིག་དང་པོ་སོགས་རྣམ་གྲངས་གསར་པ50ལག་བསྟར་བྱ་རྒྱུ་དང་། ཤིན་ཅང་ནས་ཀྲེ་ཅང་དང་ཀོང་ཏུང་བར་གྱི་སོལ་བཟོས་རླངས་འདྲེན་སྦུག་ལམ་ལས་གཞི་དང་། ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་བཞི་པའི་ལས་གཞི་སོགས་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག