མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་ཀུའེ་ཀྲོའུ་ཡོངས་སུ་ཁྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་ཁྱེར་ནས་གྲོང་གསེབ་བར་དང་། ལས་ཁུངས་ནས་གྲོང་ཁུལ་བར། ཁེ་ལས་ནས་སློབ་གྲྭ་བར་བཅས། ཀུའེ་ཀྲོའུ་ཡི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོའི་མཐོ་རླབས་འཕྱུར་བ་བྱས་པས། སྒྲོག་འགྲེལ་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད།

སྤྱི་ལོ2012ལོའི་ཟླ་བ11པར་ཀུའེ་ཀྲོའུ་ཡིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད་པ་རེད།

མིག་སྔའི་བར་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་ནང་ཞུགས་པའི་མིའི་ཐེངས་གྲངས3000ལྷག་ཟིན་པ་དང་། སྒྲོག་འགྲེལ་སྙན་ཞུ་ཐེངས6000ཙམ་བྱས་པ། སྒྲོག་འགྲེལ་ཉན་མཁན་མིའི་ཐེངས་གྲངས་ས་ཡ1ལྷག་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག